མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-24 10:47

 ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཞི་ཅིན་ཕེན་གྱིས་ཧྥི་ཅི་རྒྱལ་ཁབ་ཀྱི་ནན་ཏིས་ནས་སྨི་ཁི་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་མོ་ལི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཞི་ཅིན་ཕེན་གྱིས་ཧྥི་ཅི་རྒྱལ་ཁབ་ཀྱི་ནན་ཏིས་ནས་ས་མོ་ཡའི་ཙུང་ལི་ཐུའུ་དབྱི་ལ་ཨེ་ཕར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཞི་ཅིན་ཕེན་གྱིས་ཧྥི་ཅི་རྒྱལ་ཁབ་ཀྱི་ནན་ཏིས་ནས་ཕ་ཕུ་ཡ་ཀུའི་ནི་ཡ་གསར་བའི་ཙུང་ལི་ཨོ་ཉི་ཨར་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་ཧྥི་ཅི་རྒྱལ་ཁབ་ཀྱི་ནན་ཏིས་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པར་སོ་སོར་མཇལ་འཕྲད་གནང་བ་དང་། ཁོ་ཚོ་དང་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་དགོངས་འཆར་བརྗེ་རེས་མཛད།

སྨི་ཁི་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་མོ་ལི་ལ་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁི་རོ་ནི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་བཞིན་ཡོད་ལ། སྨི་ཁི་རོ་ནི་ཡ་ཕྱོགས་དང་མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཉ་ལས་དང་ནུས་ཁུངས་གསར་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དཔལ་འབྱོར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མི་གཞོང་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ས་མོ་ཡའི་ཙུང་ལི་ཐུའུ་དབྱི་ལ་ཨེ་ཕར་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཞི་བདེ་རྒྱལ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་ཕུན་ཚུན་བརྩི་འཇོག་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས། དེས་ཀྲུང་གོ་དང་ས་མོ་ཡའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ང་ཚོས་ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། ས་མོ་ཡ་ཕྱོགས་ལ་རོགས་རམ་བྱས་ནས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་། མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

ཕ་ཕུ་ཡ་ཀུའི་ནི་ཡ་གསར་བའི་ཙུང་ལི་ཨོ་ཉི་ཨར་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནི་ཡ་གསར་བ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཕ་ཕུ་ཡ་ཀུའི་ནི་ཡ་ཕྱོགས་དང་ཞིང་ནགས་ཉ་ལས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བཅས་ཀྱི་ལས་དོན་ཐད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག