མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་གཉིས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-24 10:47

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཉེ་ལམ་པེ་ཅིན་ནས་མགོ་འཛིན་མཛད་དེ་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་གཉིས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཉེ་ལམ་པེ་ཅིན་ནས་མགོ་འཛིན་མཛད་དེ་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་གཉིས་བསྡུས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་དམིགས་ཏེ། ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ལས་བྱེད་པར་དོ་དམ་ནན་མོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ནས་འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱི་འགན་འཁུར་བ་དང་ཆེད་མཁས་པ། ཤེས་ཡོན་ཅན་བཅས་ཀྱིས་བཏོན་པའི་བསམ་འཆར་ལ་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་ལིག་ཡུན་ཧྲན་གྱིས་བསྟན་དོན། ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་ན་ངེས་པར་དུ་ལས་བྱེད་པར་དོ་དམ་ནན་མོ་བྱེད་དགོས། ལས་བྱེད་པ་བསྐོ་འཐེན་དང་བཀོལ་སྤྱོད་བྱེད་པའི་བྱ་བ་བཟང་བོ་སྒྲུབ་དགོས་ཏེ། ལས་བྱེད་པ་བཟང་བོའི་ཚད་གཞི་ལྟར་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པ་བསྐོ་འཐེན་བྱེད་དགོས་པ་དང་། སློབ་གསོ་བྱ་བ་དམ་འཛིན་བྱས་ཏེ་ལས་བྱེད་པའི་ཕུགས་འདུན་དང་ཡིད་ཆེས་ཇེ་བརྟན་ཏུ་གཏོང་བ་དང་དམིགས་འབེན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་མཐོང་བྱེད་པ་བཅས་ལ་སྣེ་ཁྲིད་བྱེད་དགོས་པར་མ་ཟད། ལས་བྱེད་པའི་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། ལམ་ལུགས་ལག་བསྟར་ནུས་པ་ཇེ་ཆེར་བཏང་ནས་ལམ་ལུགས་དང་གཏན་འཁེལ་དང་འགལ་མཁན་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག