མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-21 11:07

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧོས་ལིན་ཏུང་ནས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧོས་ལིན་ཏུང་ནས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་ཧོས་ལིན་ཏུང་ནས་ནེའུ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱིས་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་སུ་གཏོང་བ་དང་། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཐུན་མོང་ཚོགས་པ་མཉམ་དུ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པར་མ་ཟད། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་ནང་གཉིས་ཕན་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་གཏན་ལ་ཕབ་པ་དེས་ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ཟེར།

ཡོ་ཧན་ཅི་ཡིས་བཤད་རྒྱུར། ནེའུ་ཙི་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་གཉིས་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཕྱོགས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་སོང་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ལ་ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  

གྲོས་མོལ་མཇུག་རྫོགས་རྗེས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཞི་ཅིན་ཕེན་དང་ཡོ་ཧན་ཅི་གཉིས་མཉམ་དུ་ཕྱོགས་གཉིས་ཀྱི་གནམ་གཤིས་འགྱུར་ལྡོག་དང་བརྙན་འཕྲིན། སློབ་གསོ། དངུལ་ལོར། གནས་སྐོར། བཟའ་ཆས་བདེ་འཇགས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག