མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨོ་ཁི་ལན་གྲོང་ཁྱེར་དུ་ཐོན་ནས་ནེའུ་ཙི་ལན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:43

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཕེན་ཚེས་བཅུ་དགུ་ཉིན་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་ཁི་ལན་ལ་ཐོན་པ་དང་། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ཏུའུ་མེད་ཐི་ཕ་ལི་དང་ཙུང་ལི་ཡོ་ཧན་ཅི་གཉིས་ཀྱིས་གདན་དྲངས་པ་ལྟར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཕེན་ཚེས་བཅུ་དགུ་ཉིན་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་ཁི་ལན་ལ་ཐོན་པ་དང་། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ཏུའུ་མེད་ཐི་ཕ་ལི་དང་ཙུང་ལི་ཡོ་ཧན་ཅི་གཉིས་ཀྱིས་གདན་དྲངས་པ་ལྟར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཉིན་དེའི་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྟེང་ཀྲུའུ་ཞི་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཨོ་ཁི་ལན་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་བབས་པ་དང་། ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཡི་འཐུས་ཚབ་བོ་ཁི་དང་ཙུང་ལི་ཡོ་ཧན་ཅི་དང་ཁོའི་ལྕམ་མོ། ཨོ་ཁི་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལང་སོགས་བསུ་བ་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་གཉིས་ཀྱི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་མཆོང་སྐྱོད་སྒོས་འཕེལ་རྒྱས་བྱུང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་པར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག བདག་གིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱེད་བཞིན་ཡོད། ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡ་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་མཇུག་རྫོགས་ནས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཨོ་ཁི་ལན་གྲོང་ཁྱེར་དུ་ཕེབས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག