
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་དུས་ཚོད་ཚེས་བཅུ་དགུ་ཉིན་ཞི་ཉི་ནས་ཨོ་སི་ཁྲུ་ལི་ཡའི་ཞིན་ནན་བེ་ཨར་ཧྲི་ཀྲིག་གི་ཀྲིག་ཀྲང་པེད་ཨར་ཏི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཞིན་ནན་བེ་ཨར་ཧྲི་ཀྲིག་ནི་ཨོ་སི་ཁྲུ་ལི་ཡའི་མི་གྲངས་དང་དཔལ་འབྱོར་གྱི་ཀྲིག་དང་པོ་ཡིན་ལ། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་གཉིས་བར་མཉམ་ལས་བྱེད་པའི་སྔོན་སྐྱོད་ས་ཁུལ་ཞིག་ཀྱང་ཡིན། དེང་སྐབས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་དུས་སྐབས་སུ་བསླེབས་ཡོད་པས། ཁྱེད་ཚོས་གོ་སྐབས་བཟང་བོ་དམ་པོར་བཟུང་སྟེ། ཁྱད་སྟོབས་སྲུང་འཛིན་དང་བབ་བསྟུན་མདུན་སྐྱོད་བྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། རིག་གནས། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།
པེད་ཨར་ཏི་ཡིས་ཞིན་ནན་བེ་ཨར་ཧྲི་ཀྲིག་གི་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཞིན་ནན་བེ་ཨར་ཧྲི་ཀྲིག་དང་ཀྲུང་གོའི་བར་མཉམ་ལས་འབྲེལ་བ་དམ་པོ་ཡོད་ལ། ཀྲུང་གོ་ནས་ང་ཚོར་གྲོགས་པོ་མང་པོ་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་བརྗེ་རེས་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་བར་གྱི་ཡུན་རིང་མཛའ་མཐུན་ལྡན་པའི་མཉམ་ལས་འབྲེལ་བ་ངེས་པར་དུ་འཕེལ་རྒྱས་སུ་གཏོང་རྒྱུུ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།