མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:25

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་རྒྱུ་ཐག་བཅད་པ་དང་། དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་བྱིས་པར་མཛེས་སྡུག་གི་མ་འོངས་པ་ཞིག་ཡོད་དུ་འཇུག་པའི་བྱ་བར་བཀོད་སྒྲིག་བྱས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཟླ་བདུན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་རྗེས། འབྲེལ་ཡོད་ཕྱོགས་ཀྱིས་བྱ་བ་གང་མང་བསྒྲུབས་ནས་མ་དངུལ་བསྡུ་དཀའ་བ་དེ་ས་ཁུལ་དང་མངའ་ཁོངས་ཁ་ཤས་སུ་ཞི་འཇགས་སུ་བཏང་བའི་རྣམ་པ་བྱུང་བ་དང་། ཡིན་ནའང་སྔར་བཞིན་དུ་གནད་དོན་ཁ་ཤས་གནས་ཡོད་པས། ངེས་པར་དུ་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་ཁྱད་པར་ཅན་གྱི་ཡིད་རྟོན་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། རིམ་པ་མང་པོའི་མ་རྩའི་ཚོང་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཞི་འཇགས་སུ་བཏང་ནས། གསར་སྐྲུན་ལས་སྤེལ་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བར་སྣེ་ཁྲིད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཡིན་པས། དབུལ་ཕོངས་ས་ཁུལ་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་འབྲེལ་བ་ཡོད། སྲིད་གཞུང་གིས་ཐད་ཀར་དུ་འདོན་སྤྲོད་དང་ཉོ་སྡུད་ཞབས་ཕྱི་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚོང་རའི་སྟོབས་ཤུགས་འདོན་སྤྲོད་བྱེད་པ་དང་སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པར་སྐུལ་སློང་བྱེད་དགོས་ལ། བདེ་ཐང་དང་སློབ་གསོ་གཙོར་བཟུང་སྟེ་མུ་འབྲེལ་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེ་ཡི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་བྱིས་པ་སྐྱེས་མ་ཐག་ནས་འོས་འགན་སློབ་གསོ་མཇུག་རྫོགས་པའི་བར་དུ་སེམས་ཁུར་དང་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག