མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་སྐབས་དང་པོ་ཀྲེ་ཅང་ཞིང་ཆེན་གྱི་བུའུ་ཀྲིན་གྲོང་བརྡལ་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་སྐབས་དང་པོ་ཚེས་བཅུ་དགུ་ཉིན་ཀྲེ་ཅང་ཞིང་ཆེན་གྱི་བུའུ་ཀྲིན་གྲོང་བརྡལ་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་བདེ་བླག་ངང་ཚོགས་པར་ཤིས་ཚིག་ཕུལ་བ་དང་། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་འགན་འཁུར་བ། དེ་མིན་ཆེད་ལས་མཁས་པ་དང་ཁེ་ལས་པ་སོགས་ལ་དགའ་བསུ་ཞུ་བའི་ཚུལ་བསྟན།

ཞི་ཅིན་ཕེན་གྱིས་ཤིས་ཚིག་ནང་གསུངས་རྒྱུར། ཀྲུང་གོས་ཧུར་ཐག་སྒོས་དྲ་རྒྱའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་གྲུབ་འབྲས་དེ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ལ་ལོངས་སྤྱོད་བྱེད་དུ་འཇུག་བཞིན་ཡོད། ཀྲུང་གོས་འཛམ་གླིང་གི་རྒྱབ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྩ་དོན་ལྟར། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱས་ནས། ཞི་བདེ་དང་བདེ་འཇགས། སྒོ་འབྱེད། མཉམ་ལས་བཅས་ཀྱི་དྲ་རྒྱའི་རྣམ་པ་གསར་སྐྲུན་བྱེད་པར་མ་ཟད་སྣ་མང་དང་དམངས་གཙོ། མངོན་གསལ་བཅས་ཀྱི་རྒྱལ་སྤྱིའི་མཉམ་འབྲེལ་དྲ་རྒྱའི་བཅོས་སྐྱོང་མ་ལག་འཛུགས་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག