མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཨ་པོ་ཐི་གཉིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་གླེང་སྟེགས་སུ་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:24

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཞི་ཉི་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་དང་མཉམ་དུ་སྐབས་དང་པོའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་གླེང་སྟེགས་སུ་ཞུགས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གླེང་སྟེགས་སྟེང་ཞུ་ཚིག་ཕུལ་བའི་ཚུལ་རེད།

 ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཞི་ཉི་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་དང་མཉམ་དུ་སྐབས་དང་པོའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་གླེང་སྟེགས་སུ་ཞུགས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གླེང་སྟེགས་སྟེང་ཞུ་ཚིག་ཕུལ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་དགུ་ཉིན་ཞི་ཉི་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་དང་མཉམ་དུ་སྐབས་དང་པོའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་གླེང་སྟེགས་སུ་ཞུགས།

གླེང་སྟེགས་སྤྲོ་སེམས་འཁོལ་བའི་སྣང་ཚུལ་ཁྲོད་མགོ་བརྩམས། ཞི་ཅིན་ཕེན་དང་ཨ་པོ་ཐི་གཉིས་མཉམ་དུ་ཚོགས་རར་ཕེབས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སོ་སོར་ཕ་རོལ་ཕྱོགས་ལ་རང་གི་གླེང་སྟེགས་སུ་ཞུགས་པའི་འབྲེལ་ཡོད་ཧྲིན་དང་ཀྲིག་གི་འགན་ཁུར་བ་མཚམས་སྦྱོར་བྱས་པར་མ་ཟད། ཞི་ཅིན་ཕེན་དང་ཨ་པོ་ཐི་གཉིས་ཀྱིས་སོ་སོར་ཞུ་ཚིག་ཕུལ།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་གླེང་སྟེགས་བཙུགས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར།  ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་བརྗེ་རེས་ལམ་ལུགས་བཙུགས་པ་དེ་ནི་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་པའི་ལམ་ཚད་རྡོ་རིང་གསར་བ་ཞིག་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། རང་དབང་ཉོ་ཚོང་གྲོས་མཐུན་གྲོས་མོལ་ངོ་བོ་རང་བཞིན་གྱི་སྒོ་ནས་མཇུག་རྫོགས། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ལ་དམིགས་པ། ཡུལ་བབ་དང་བསྟུན་ནས། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་དང་གྲུབ་འབྲས་གཙིགས་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་འགྲོ་འོང་སྔར་ཇེ་མང་དུ་གཏོང་བ་དང་། མཉམ་ལས་དབྱར་མཚོ་རྒྱས་པ་བཞིན་དུ་འཕེལ་རྒྱས་སུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཨ་པོ་ཐི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཧྲིན་དང་ཀྲིག་གི་འགན་ཁུར་བའི་བརྗེ་རེས་མཉམ་ལས་ལམ་ལུགས་བཙུགས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐེངས་འདིར་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་མཛད་པའི་གྲུབ་འབྲལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དམིགས་བསལ་གྱི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཀྱང་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་སྔར་ལས་བཟང་བའི་མ་འོང་བ་གསར་གཏོད་བྱེད་འདོད་ཡོད་ཟེར།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག