མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་དང་ཀྲུང་གོའི་གངས་འབྲུག་རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ལ་གཟིགས་ཞིབ་མཛད།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:20

习近平慰问中澳南极科考人员1.jpg

པར་འདི་ནི་ཞི་ཅིན་ཕེན་གྱིས་ཧི་པ་ཐི་གྲུ་ཁ་ནས་ཀྲུང་གོའི་གངས་འབྲུག་རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱི་རྟོག་ཞིབ་མི་སྣ་ཡོངས་ལ་འཚམས་འདྲི་མཛད་བཞིན་པའི་ཚུལ་རེད།

习近平慰问中澳南极科考人员2.jpg

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་སྡོད་སའི་ཧོ་པ་ཐི་ལ་འཚམས་འདྲི་མཛད་བཞིན་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་དང་མཉམ་དུ་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ལས་གཞིར་གཟིགས་སྐོར་མཛད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་གནང་།

习近平慰问中澳南极科考人员3.jpg

པར་འདི་ནི་ཞི་ཅིན་ཕེན་གྱིས་ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ལས་དོན་གྱི་ལོ་འཁོར་སུམ་ཅུའི་པར་རིས་འགྲེམ་སྟོན་ལ་གཟིགས་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧོ་པ་ཐི་ནི་ཨོ་སི་ཁྲུ་ལི་ཡའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་བྱེད་སའི་གྲུ་ཁ་གཙོ་བོ་ཡིན། གངས་འབྲུག་རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་གིས་ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ལས་འགན་ཐེངས་སོ་གཅིག་པ་ལག་བསྟར་བྱེད་སྐབས། ཧོ་པ་ཐི་གྲུ་ཁ་ནས་ངལ་གསོ་བྱེད་བཞིན་ཡོད།

    ས་དེའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན། ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་སྡོད་སའི་ཧོ་པ་ཐི་ལ་འཚམས་འདྲི་མཛད་བཞིན་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་དང་མཉམ་དུ་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ལས་གཞིར་གཟིགས་སྐོར་མཛད་པ་དང་རྒྱལ་ཁབ་གཉིས་ཀྱི་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་མཛད།

    ཞི་ཅིན་ཕེན་དང་ཨ་པོ་ཐི་གཉིས་ཧོ་པ་ཐི་གྲུ་ཁར་ཕེབས་ཏེ། ཨོ་སི་ཁྲུ་ལི་ཡའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་འགྲེམ་སྟོན་ལ་གཟིགས་སྐོར་མཛད། ཞི་ཅིན་ཕེན་དང་ཨ་པོ་ཐི་གཉིས་ཀྱིས་བརྙན་འཕྲིན་བརྒྱུད་དེ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་མཛད། ཀྲུང་གོའི་ཀྲུང་ཧྲན་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་དང་ཨོ་སི་ཁྲུ་ལི་ཡའི་ཏེ་བེ་སི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ཀྱི་འགན་ཁུར་བ་གཉིས་ཀྱིས་སོ་སོར་བྱ་བའི་ཡར་ཞུ་ཕུལ།

    ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལྷོ་སྣེའི་ཚན་རིག་རྟོག་ཞིབ་བྱ་བར་དོན་སྙིང་གལ་ཆེན་ལྡན། དེ་ནི་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ལས་དོན་བླ་མེད་ཞིག་ཡིན། ཀྲུང་གོས་ལྷོ་སྣེའི་ཚན་རིག་རྟོག་ཞིབ་བྱ་བ་བསྒྲུབས་ཏེ་མིའི་རིགས་ཞི་བའི་སྒོ་ནས་ལྷོ་སྣེ་བེད་སྤྱོད་བྱེད་པར་བྱས་རྗེས་བཞག ལོ་ངོ་སུམ་ཅུའི་རིང་ལ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་ཚན་རིག་རྟོག་ཞིག་མི་སྣས་ཕྱོགས་ཡོངས་ནས་མཉམ་ལས་དམ་པོ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལྷོ་སྣེར་སྔར་ལས་ངོས་འཛིན་དང་། ལྷོ་སྣེར་སྲུང་སྐྱོབ། ལྷོ་སྣེ་བེད་སྤྱོད་བཅས་བྱེད་འདོད་ཡོད་ཟེར།

    ཨ་པོ་ཐི་ཡིས་རྒྱལ་ཁབ་གཉིས་ཀྱི་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་བྱས། ཁོས་ལྷོ་སྣེའི་ཚན་རིག་རྟོག་ཞིབ་བྱ་བ་ནི་མིའི་རིགས་ལ་དོན་སྙིང་གལ་ཆེན་ལྡན་པའི་ལས་དོན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་ཚན་རིག་ཞིབ་འཇུག་མི་སྣས་མཉམ་ལས་ལ་ཤུགས་སྣོན་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

    ཞི་ཅིན་ཕེན་དང་ཨ་པོ་ཐི་གཉིས་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་མཉམ་ལས་སྐོར་གྱི་བརྗེད་ཐོ་ཡི་གེ་འགོད་པའི་མཛད་སྒོར་ཞུགས།

    དེའི་རྗེས་སུ། ཞི་ཅིན་ཕེན་གྲུ་ཁར་ཕེབས་ཏེ་ཀྲུང་གོའི་གངས་འབྲུག་རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་སྟེང་དུ་བུད་དེ། ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ལས་དོན་གྱི་ལོ་འཁོར་སུམ་ཅུའི་པར་རིས་འགྲེམ་སྟོན་ལ་གཟིགས།

    ཞི་ཅིན་ཕེན་སྐྱེ་དངོས་ཚོད་ལྟ་ཁང་དུ་ཕེབས་ཏེ། ཚང་མའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོར་བྱས་ནས། ཁོ་ཚོས་ལས་འགན་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག