མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་ལ་གཟིགས་ཞིབ་དང་འཚམས་འདྲི་མཛད།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:18

习近平在澳大利亚塔斯马尼亚州与小学生共同植树1.jpg

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་ནས་ལིང་སེ་སི་ཏུང་གྲོང་ཁྱེར་གྱི་ཨུག་ཁི་པོ་ཨིན་སློབ་ཆུང་གི་སློབ་མ་དང་མཉམ་དུ་སྡོང་བོ་བཙུགས་པའི་ཚུལ་རེད།

习近平在澳大利亚塔斯马尼亚州与小学生共同植树2.jpg

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་ནས་ལིང་སེ་སི་ཏུང་གྲོང་ཁྱེར་གྱི་ཨུག་ཁི་པོ་ཨིན་སློབ་ཆུང་གི་སློབ་མ་དང་མཉམ་དུ་སྡོང་བོ་བཙུགས་ཚུལ་རེད།

习近平在澳大利亚塔斯马尼亚州与小学生共同植树3.jpg

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་ནས་ལིང་སེ་སི་ཏུང་གྲོང་ཁྱེར་གྱི་ཨུག་ཁི་པོ་ཨིན་སློབ་ཆུང་གི་སློབ་མ་དང་མཉམ་དུ་སྡོང་བོ་བཙུགས་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་ཨོ་སི་ཁྲུ་ལི་ཡའི་ཐ་སི་མཱ་ཉི་ཡ་ཀྲིག་ལ་གཟིགས་ཞིབ་དང་འཚམས་འདྲི་མཛད།

    དབྱར་མགོ་ཚུགས་མ་ཐག་པའི་ཐ་སི་མཱ་ཉི་ཡ་ཀྲིག་ནི་ལྗང་མདོག་གིས་ཁེངས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཞུགས་པའི་ཆེད་བཏང་གནམ་གྲུ་ཁུལ་དེའི་ཧོ་པ་ཐི་གནམ་གྲུ་ཐང་དུ་བབས་མ་ཐག ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་རྣམ་གཉིས་ལ་ཐ་སི་མཱ་ཉི་ཡ་ཀྲིག་གི་ཀྲིག་ཏུའུ་ཚབ་མ་པུའུ་ལོ་བཟའ་ཟླ་གཉིས་དང་ཀྲིག་ཀྲང་ཧོ་མན་ཆི་བཟའ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

    ཞི་ཅིན་ཕེན་གྱིས་ཀྲིག་ཏུའུ་བཞུགས་ཤག་ནས་ཐ་སི་མཱ་ཉི་ཡ་ཀྲིག་གི་ཀྲིག་ཏུའུ་ཚབ་མ་པུའུ་ལོ་དང་ཀྲིག་ཀྲང་ཧོ་ཆི་མན་གཉིས་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་2001ལོར་ངས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གི་འགན་འཁུར་སྐབས། ཐ་སི་མཱ་ཉི་ཡ་ཀྲིག་གི་ཀྲིག་ཀྲང་སྐུ་ཞབས་ཕེས་ཀུན་འཚམས་འདྲིར་ཡོང་བར་སྣེ་ལེན་བྱས་མྱོང་། ཐ་སི་མཱ་ཉི་ཡ་ཀྲིན་དང་ཧྥུའུ་ཅན་ཞིང་ཆེན་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་ངོ་སོ་སུམ་རིང་ལ། འཕེལ་རྒྱས་བཟང་བོ་བྱུང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྣེ་ཁྲིད་བྱས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་རང་དབང་ཉོ་ཚོང་ས་ཁུལ་བཙུགས་པ་དང་བསྟུན་ནས། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ནགས་ལས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རེ་བ་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།

    པུའུ་ལོ་དང་ཧོ་ཆི་མན་གཉིས་ཀྱིས་ཐ་སི་མཱ་ཉི་ཡ་ཀྲིག་གི་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོ་ཚོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་ནི་ཐ་སི་མཱ་ཉི་ཡ་ཀྲིག་གི་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། ཁྱེད་རང་ཐེངས་འདིར་འཚམས་འདྲི་ཡོང་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན། ཀྲུང་གོ་ནི་ཐ་སི་མཱ་ཉི་ཡ་ཀྲིག་གི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོ་ཞིག་ཡིན་ལ། དངུལ་གཏོང་དང་ཕྱི་སྡོད་སློབ་མ། གནས་སྐོར་བ་ཆེས་མང་བའི་ས་ཁུལ་ཞིག་ཀྱང་ཡིན། ད་སོ་མ་ང་ཚོས་ཧྥུའུ་ཅན་ཞིང་ཆེན་བར་མཉམ་ལས་ཡིག་ཆ་གསར་བ་བཀོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཚམས་འདྲི་བྱས་པ་བརྒྱུད་དེ། ཀྲུང་གོའི་མི་དམངས་སྔར་ལས་མང་པོས་ཐ་སི་མཱ་ཉི་ཡ་ཀྲིག་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། ཕྱོགས་གཉིས་བར་གྱི་འགྲོ་འོང་དང་མཉམ་ལས་ཇེ་དམ་དུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་ད་རུང་ཐ་སི་མཱ་ཉི་ཡ་ཀྲིག་གི་སྔོན་ཆད་ཀྱི་ཀྲིག་ཀྲང་ཕེས་ཀུན་གྱི་ཁྱིམ་མིར་འཚམས་འདྲི་མཛད།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག