མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་པུའུ་ལུའུ་སེ་ཨར་ནས་ཚོགས་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་གླེང་སྟེགས་སྐབས་བཞི་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་པུའུ་ལུའུ་སེ་ཨར་ནས་ཚོགས་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་གླེང་སྟེགས་སྐབས་བཞི་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ནི་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་རྣམ་པའི་ཁྲོད་ཀྱི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་ལ། ཨེ་ཤ་ཡ་དང་ཡོ་རོབ་གླིང་ས་ཁུལ་གྱི་བརྟན་འཇགས་དང་བདེ་འཇགས་སྲུང་སྐྱོབ་མཁན་ཡིན་པར་མ་ཟད། རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་ལ་ཁ་གཏད་འཇལ་བ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ཁྲོད་དུ་ནུས་པ་ཆེན་པོ་འདོན་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་མཉམ་ལས་ཕྱོགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་འཐབ་ཇུས་འཆར་འགོད་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་བཟང་བོ་བྱེད་དགོས་པར་མ་ཟད་སྒོ་འབྱེད་གསར་སྐྲུན་དང་བཟོད་སྒོམ་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཡོ་རོབ་གླིང་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་འཐབ་ཇུས་འཆར་འགོད་དངོས་འབེབས་བཟང་བོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་སང་ལོར་ཡོ་རོབ་གླིང་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་མཉམ་དུ་རྟེན་འབྲེལ་ཞུས་ནས། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག