མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:14

王岐山出席中央巡视工作动员部署会并讲话.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཝང་ཆི་ཧྲན་ཚེས་བཅོ་བརྒྱད་ཉིན་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཝང་ཆི་ཧྲན་ཚེས་བཅོ་བརྒྱད་ཉིན་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་དངོས་འབེབས་གང་ལེགས་བྱེད་དགོས་ལ། རྩ་འཛུགས་ལམ་ལུགས་དང་རྣམ་པའི་བྱེད་ཐབས་གསར་སྐྲུན་བྱས་ནས་ཆེད་དོན་སྐོར་ཞིབ་བྱ་བའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བ་ལེགས་སྒྱུར་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་ལོ་གཉིས་མ་འགོར་བའི་ནང་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་དང་ཞིན་ཅན་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ལ་སྐོར་ཞིབ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པ་དང་གྲུབ་འབྲས་བཟང་བོ་བླངས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ནམ་ཡང་སྒྲུབ་བཞིན་ཡོད་པ་དང་། སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་གོ་གནས་སྲུང་འཛིན་དང་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

    ཝང་ཆི་ཧྲན་གྱིས་གསུངས་རྒྱུར། དུས་སྐབས་རྗེས་མའི་བྱ་བ་གཙོ་བོ་དེ་ཆེད་དོན་སྐོར་ཞིབ་ཕྱོགས་སུ་སྒྱུར་དགོས། ཆེད་དོན་སྐོར་ཞིབ་དེ་རྒྱུན་ལྡན་གྱི་སྐོར་ཞིབ་བྱ་བ་དང་མི་འདྲ་ལ། རྣམ་པའི་བྱེད་ཐབས་གསར་སྐྲུན་བྱེད་དགོས་པ་དང་ཆེད་དོན་སྐོར་ཞིབ་དམིགས་འབེན་གསལ་བོ་ཡིན་དགོས་ལ། འབུར་ཐོན་གནད་དོན་ལ་དམིགས་ནས་སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག