མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:12

11月18日,中共中央政治局常委、中央书记处书记刘云山在北京会见由副主席君贝尔率领的德国社民党代表团。.jpg

ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་ཀྲུའུ་ཞི་གཞོན་པ་ཅོན་པེ་ཨར་གྱིས་ཁྲིད་པའི་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཀྲུའུ་ཞི་གཞོན་པ་ཅོན་པེ་ཨར་གྱིས་ཁྲིད་པའི་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ལིག་ཡུན་ཧྲན་གྱིས་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་དང་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལོ་ངོ་སུམ་ཅུའི་རིང་ལ་ཏང་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། དྲང་བདེན་གྱིས་གྲོས་མོལ་བྱེད་པ་བཅས་བརྒྱུད་ནས་ཕན་འབྲས་རང་བཞིན་ལྡན་པའི་མཉམ་ལས་རབ་དང་རིམ་སྤེལ། མིག་སྔར་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ནི་ཁེ་ཕན་གྱི་ཐུན་མོང་ཚོགས་པ་ཞིག་ཏུ་གྲུབ་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་དཔེ་ལྟ་བྱེད་པར་ཤུགས་སྣོན་པ་དང་མི་གཞུང་བརྗེ་རེས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ལིག་ཡུན་ཧྲན་གྱིས་ད་དུང་སྐམ་མཚོ་གཉིས་ཀྱི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་འཚམས་སྦྱོར་བྱས། 

    ཅོན་པེ་ཨར་གྱིས་བཤད་རྒྱུར། ཏང་གཉིས་ཀྱི་མཛའ་མཐུན་འགྲོ་འོང་ལ་ཕྱིར་དྲན་དང་སྤྱི་བསྡོམས་བྱེད་པ་ནི་སྔར་ལས་ལྷག་པའི་སྒོ་ནས་མ་འོངས་བར་ཁ་ཕྱོགས་རྒྱུ་དེ་ཡིན། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག