མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་ཁ་ཡིག་ལ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འཕེལ་རྒྱས་ཕུགས་འདུན་ལ་རེ་སྙེག་བྱས་ནས་ས་གནས་ཀྱི་དར་རྒྱས་དང་བརྟན་འཇགས་མངོན་འགྱུར་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-19 11:05

习近平在澳大利亚联邦议会发表重要演讲.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་ཁ་ཡིག་ལ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འཕེལ་རྒྱས་ཕུགས་འདུན་ལ་རེ་སྙེག་བྱས་ནས་ས་གནས་ཀྱི་དར་རྒྱས་དང་བརྟན་འཇགས་མངོན་འགྱུར་བྱེད་དགོས་ཞེས་པའི་གསུང་བཤད་གནང་བ་དང་། ཨོ་སི་ཁྲི་ལི་ཡའི་དམངས་གྲོས་དཔོན་པོ་པུས་ཞོ་ཕུའུ་ཡིས་མགོ་འཛིན་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་ཁ་ཡིག་ལ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འཕེལ་རྒྱས་ཕུགས་འདུན་ལ་རེ་སྙེག་བྱས་ནས་ས་གནས་ཀྱི་དར་རྒྱས་དང་བརྟན་འཇགས་མངོན་འགྱུར་བྱེད་དགོས་ཞེས་པའི་གསུང་བཤད་གནང་བ་དང་། ཨོ་སི་ཁྲི་ལི་ཡའི་དམངས་གྲོས་དཔོན་པོ་པུས་ཞོ་ཕུའུ་ཡིས་མགོ་འཛིན་མཛད།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ཀྲུང་གོ་ནི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། འཛམ་གླིང་སྟེང་དུ་མི་གྲངས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་གཞན་གྱིས་ཀྲུང་གོ་རྒྱལ་ཁབ་ཅི་ལྟར་འཕེལ་རྒྱས་སུ་འགྲོ་བ་དང་། རང་ཉིད་ཀྱི་བགྲོད་ལམ་ལ་བར་ཆད་བཟོ་མིན་དང་རང་ཉིད་ཀྱི་མངའ་ཁོངས་བཙན་བཟུང་བྱེད་མིན་ལ་བསམ་བློ་གཏོང་ངེས་ཡིན། འདི་ནས་བདག་གིས་ཚང་མས་སེམས་ཁུར་བྱེད་པའི་གནད་དོན་འགའི་ཐད་ལ་བསམ་ཚུལ་འགའ་བརྗོད། གཅིག ཀྲུང་གོས་ཞི་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད། གཉིས། ཀྲུང་གོས་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་ལ་འགྱུར་བ་མེད། གསུམ། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་རྒྱུན་འཁྱོངས་བྱེད་པའི་སྲིད་ཇུས་ལ་འགྱུར་བ་མེད།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཨོ་སི་ཁྲི་ལི་ཡ་གྲོགས་པོ་གལ་ཆེན་དུ་བརྩི་བར་མཐོང་ཆེན་བྱེད་ཀྱིན་ཡོད། བདག་གིས་ད་ཐེངས་འཚམས་འདྲི་བྱེད་པའི་སྐབས་སུ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བར་སྒྱུར་རྒྱུ་ཐག་བཅད་པར་མ་ཟད་ངོ་བོ་རང་བཞིན་གྱི་སྒོ་ནས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡས་རང་མོས་ཉོ་ཚོང་གྲོས་མཐུན་འགོད་པའི་གྲོས་མོལ་མཇུག་རྫོགས་པ་ཁྱབ་བསྒྲགས་བྱས། ང་ཚོས་རྒྱང་རིང་ལ་དམིགས་ཏེ་ཕན་ཚུན་ལ་རྒྱུས་ལོན་བྱེད་པ་དང་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་གྲོགས་པོ་རྣམ་དག་ཅིག་བྱེད་དགོས་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གཉིས་ཕན་མཉམ་རྒྱལ་གྱི་གྲོགས་པོ་བཟང་བོ་བྱེད་དགོས་པར་མ་ཟད། མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བ་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ནས། སྐྱིད་སྡུག་མཉམ་ཁུར་གྱི་འཆམ་མཐུན་ཁྱིམ་མཚེས་བཟང་བོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག