མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་ཁུན་ཧྲི་ལན་ཀྲིག་གི་ཀྲིག་ཀྲང་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པུའུ་ལི་སི་པན་ནས་ཨོ་སི་ཁྲི་ལི་ཡའི་ཁུན་ཧྲི་ལན་ཀྲིག་གི་ཀྲིག་ཀྲང་ཉིག་མན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁུན་ཧྲི་ལན་ཀྲིག་ནི་ཨོ་སི་ཁྲི་ལི་ཡའི་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག རིག་གནས་བཅས་ཧ་ཅང་དར་རྒྱས་ཆེ་བའི་ཀྲིག་ཡིན་ལ། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་གྱི་མཉམ་ལས་སྟོབས་ཤུགས་དྲག་པོ་ལྡན་སའང་ཡིན། ཀྲུང་གོ་ནི་ཁུན་ཧྲི་ལན་ཀྲིག་གི་ཉོ་ཚོང་གྲོགས་པོ་དང་བོ་ཡིན་ལ། དངོས་པོ་ནང་འདྲེན་བྱེད་ས་དང་བོ་ཡིན་པར་མ་ཟད། ཕྱིར་གཏོང་ཚོང་ར་དང་བོའང་ཡིན་པས། ཕྱོགས་གཉིས་བར་མཉམ་ལས་སྦས་ཤུགས་དྲག་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོ་ཁུན་ཧྲི་ལན་ཀྲིག་གི་ནུས་ཁུངས་གཏེར་ཐོན་དང་ཞིང་ཕྱུགས་ལས་གསར་སྤེལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ཀྱི་ཁྲོད་ཞུགས་ཏེ། ཞིང་ཆེན་དང་ཀྲིག གྲོང་ཁྱེར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིག་གནས་དང་སློབ་གསོ། ཚན་རྩལ་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པར་སྐུལ་མ་གཏོང་རྒྱུ་ཡིན་ལ། ཁུན་ཧྲི་ལན་ཀྲིག་གིས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཉིག་མན་གྱིས་བཤད་རྒྱུར། ཁུན་ཧྲི་ལན་ཀྲིག་གིས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་སྟེ། དུས་ཡུན་རིང་ཞིང་བློ་གཏད་ཆོག་པའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་ཀྲུང་གོས་ཁུན་ཧྲི་ལན་ཀྲིག་ལ་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་སྤྱི་དམངས་སྔར་ལས་མང་བོ་ཁུན་ཧྲི་ལན་ཀྲིག་ཏུ་སློབ་སྦྱོང་དང་གནས་སྐོར་ལ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག