མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པུའུ་ལི་སི་པན་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ནི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་ནི་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཚོགས་པ་ཡང་ཡིན་པས། ང་ཚོ་ཚང་མས་སྣེ་མང་ཅན་དར་སྤེལ་བྱེད་བཞིན་ཡོད་ལ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་པ་བྱེད་བཞིན་ཡོད། ད་ལོའི་དཔྱིད་ཀར་ངས་ཡོ་རོབ་གླིང་ལ་འཚམས་འདྲི་བྱེད་སྐབས། ཡོ་རོབ་གླིང་ཕྱོགས་ཀྱི་མགོ་ཁྲིད་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་བར་གྱི་ཞི་བདེ་དང་འཕེལ་རྒྱས། བཅོས་བསྒྱུར། དཔལ་ཡོན་བཅས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བཞག ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་དམ་པོར་བཟུང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་2020ལོའི་འཐབ་ཇུས་ཇུས་གཞི་ལག་ལེན་མཐར་ཕྱིན་བཟང་བོ་བྱེད་དགོས་ལ། དབྱི་ལིང་ཉིང་རྡུལ་དང་གནམ་གཤིས་འགྱུར་ལྡོག རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་སོགས་གནད་དོན་ཐད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཕྱོགས་གསུམ་པའི་མཉམ་ལས་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

རོང་ཁི་ཡིས་བཤད་རྒྱུར། སང་ལོ་ནི་ཡོ་རོབ་གླིང་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པས། ང་ཚོས་གོ་སྐབས་དེ་དང་བསྟུན་ནས། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་གྲུབ་འབྲས་ཆེན་པོ་དང་མདུན་ལྗོངས་བཟང་པོ་ངོམ་པར་བྱེད་དགོས། ཡོ་རོབ་གླིང་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱི་དངུལ་གཏོང་གྲོས་མོལ་སྔ་མོ་ནས་ཡོངས་འགྲུབ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག