མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས2015ལོ་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་དར་གོས་ལམ་བུའི་ཡུལ་སྐོར་ལོ་ཞེས་པར་གཏན་འཁེལ་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-16 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུའུ་ཅང་གིས་སྤྱི་ཚེས14ཉིན་འགོ་ཚུགས་པའི་སྤྱི་ལོ2014ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་ཚོགས་འདུའི་ཐོག ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བ་བརྒྱུད་མཉམ་དུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས21པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་རྒྱུའི་འཐབ་ཇུས་ཇུས་འགོད་དོན་འཁྱོལ་བྱ་ཆེད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྤྱི་ལོ2015ལོའི་རྒྱལ་ཁབ་ཡུལ་སྐོར་ལོའི་བརྗོད་དོན་གཙོ་བོ་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ། དར་གོས་ལམ་བུའི་ཡུལ་སྐོར་ལོ་ཞེས་པར་དངོས་སུ་གཏན་འཁེལ་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུལ་སྐོར་ལས་རིགས་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞེས་པ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག