མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རིན་གོང་བཅོས་བསྒྱུར་ལ་མྱུར་དུ་ཡར་སྐུལ་བཏང་སྟེ། ཚོང་ར་ལྟར་རིན་གོང་གཏན་འཁེལ་བྱེད་དགོས་ལ། ཁྱབ་གདལ་རང་བཞིན་གྱི་འགྲོ་གྲོན་ཇེ་དམར་བཏང་སྟེ། ཁེ་ལས་དང་ཁྱད་པར་དུ་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བའི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་རྒྱུའི་ཐག་བཅད་པར་མ་ཟད། སྤྲིན་རྩིས་གསར་སྐྲུན་དང་འཕེལ་རྒྱས་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ། ལས་རིགས་གསར་བ་དང་ཐོན་ལས་གསར་བ་སྐྱེད་སྲིང་དང་རྒྱ་བསྐྱེད་དུ་གཏོང་རྒྱུར་བཀོད་སྒྲིག་བྱས།

 ཚོགས་ཐོག་ནས་བསྟན་དོན། རིན་གོང་བཅོས་བསྒྱུར་བྱེད་པ་ནི་ཚོང་ར་ཅན་གྱི་བཅོས་བསྒྱུར་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བར་ཡར་སྐུལ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་རྒྱུའི་ཁྱབ་རྒྱ་ཇེ་ཉུང་དུ་བཏང་སྟེ། ཚོང་ར་ལྟར་རིན་གོང་གཏན་འཁེལ་བྱེད་དགོས། དེ་ཐོན་སྐྱེད་བྱེད་མཁན་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་ལ། སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གྲུབ་འབྲས་ལ་བརྟེན་ནས་ཐོན་སྐྱེད་བྱེད་ཐབས་བསྒྱུར་བ་དང་མང་ཚོགས་ལ་ཁེ་ཕན་བསྐྲུན་པར་ཡར་སྐུལ་གཏོང་དགོས་ཟེར། ཚོགས་ཐོག་ནས་བལྟས་ན། སྤྲིན་རྩིས་བྱེད་ཐབས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཆ་འཕྲིན་ཐོན་ལས་དང་ལས་རིགས་གསར་བ་བསྐྲུན་པ་དེ་སྲོལ་རྒྱུན་ཐོན་ལས་ཀྱི་རིམ་པ་སྤར་བ་དང་ལས་རིགས་གསར་བ་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་སྙམ།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག