མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དགུ་བ་ཨོ་སི་ཁྲི་ལི་ཡའི་ཁུན་ཧྲི་ལན་ཀྲིག་གི་གྲོང་ཁྱེར་གཙོ་བོ་པུའུ་ལིས་སི་པན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:30

习近平出席二十国集团领导人第九次峰会并发表重要讲话.jpg

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དགུ་བ་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་གཉིས་ལ་ཨོ་སི་ཁྲི་ལི་ཡའི་ཁུན་ཧྲི་ལན་ཀྲིག་གི་གྲོང་ཁྱེར་གཙོ་བོ་པུའུ་ལིས་སི་པན་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གདན་དྲངས་པ་ལྟར་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དགུ་བ་ཚེས་བཅོ་ལྔ་དང་བཅུ་དྲུག་ཉིན་གཉིས་ལ་ཨོ་སི་ཁྲི་ལི་ཡའི་ཁུན་ཧྲི་ལན་ཀྲིག་གི་གྲོང་ཁྱེར་གཙོ་བོ་པུའུ་ལིས་སི་པན་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གདན་དྲངས་པ་ལྟར་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་།

 ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་མཐོ་རིམ་གྲོས་ཚོགས་སྟེང་ཁ་ཡིག་ལ་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་འཕར་སྣོན་མངོན་འགྱུར་བྱེད་དགོས་ཞེས་པའི་གསུངས་བཤད་གནང་སྟེ། དཔལ་འབྱོར་བཅོས་སྒྱུར་གྱི་འཕེལ་རྒྱས་གྲོགས་པོ་བཟང་བོ་བྱེད་པ་དང་ཕྱོགས་ཡོངས་འཕར་སྣོན་བྱེད་པའི་འཐབ་ཇུས་དངོས་འབེབས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་དེ་གཟའ་འཁོར་རང་བཞིན་གྱི་བསྐྱར་དར་ནས་རྒྱུན་མཐུད་སྒོས་འཕར་སྣོན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པའི་གྲོས་མགོ་བཏོན། ཞི་ཅིན་ཕེན་གྱིས་ཀྲུང་གོས་མུ་མཐུད་དུ་དཔལ་འབྱོར་འཕར་སྣོན་གྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཞེས་ནན་གྱིས་བསྟན།

ཚེས་བཅོ་ལྔ་ཉིན་དུས་རིམ་དང་བོའི་གྲོས་ཚོགས་བསྡུས་པ་དང་། ཚོགས་འདུར་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་འཛམ་གླིང་གི་དཔལ་འབྱོར་གནས་བབ་ལ་དམིགས་ཏེ་འཕར་སྣོན་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིའི་ཐད་ནས་གཏམ་བཤད་པ་དང་། ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པའོ་ཐི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཕྱོགས་འགའི་ཐད་ལ་འབད་བརྩོན་བྱེད་དགོས་པའི་གྲོས་གཞི་བཏོན། གཅིག འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱེད་དགོས། གཉིས། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས། གསུམ། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས་པ་བཅས་རེད།

ཚོགས་འདུར་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་བཤད་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱུང་བ་དལ་ཞིང་དེ་འདྲ་དོ་མཉམ་མིན་པས། དཔལ་འབྱོར་ཚོགས་པ་སོ་སོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་དང་དོ་མཉམ་སྒོས་འཕར་བར་སྐུལ་འདེད་གཏོང་བ་དང་སྔར་ལས་མང་བོའི་ལས་ཞུགས་གསར་སྐྲུན་བྱེད་དགོས་ཟེར།

 ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཀྲུང་གོས་ཧུར་ཐག་སྒོས་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་བསྒྱུར་བར་གདེང་འཇོག་མཐོན་པོ་གནང་བར་མ་ཟད། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་པར་ཡིད་ཆེས་ཡོད་ཟེར།

ཉིན་དེར་ཞི་ཅིན་ཕེན་ད་དུང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་དངོས་གཞི་མིན་པའི་གྲོས་བསྡུར་ཚོགས་འདུར་ཞུགས་ནས་དཔལ་འབྱོར་བཅོས་སྒྱུར་ཐད་ནས་གསུངས་བཤད་གནང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག