མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཞོར་དུ་མི་དམངས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་རོས་མན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:29

 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནེ་པིས་ཏུའུ་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཞོར་དུ་མི་དམངས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་རོས་མན་ལ་མཇལ་འཕྲད་གནང་། 

李克强会见缅甸联邦议会议长兼人民院议长吴瑞曼2.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནེ་པིས་ཏུའུ་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཞོར་དུ་མི་དམངས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་རོས་མན་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནེ་པིས་ཏུའུ་ནས་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཞོར་དུ་མི་དམངས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་རོས་མན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། ཀྲུང་གོ་དང་འབར་མ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་འབར་མའི་བར་གྱི་མཛའ་མཐུན་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

རོས་མན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་འབར་མར་འཚམས་འདྲི་བྱས་པར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། དོན་སྙིང་གལ་ཆེན་ཡང་ལྡན། འབར་མ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འབར་མའི་ལས་རིགས་ཁག་གིས་ཡོངས་ཁྱབ་ཏུ་ཁས་བླངས་ཡོད། འབར་མའི་གྲོས་ཁང་གིས་འབར་མ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག