མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:51

66.jpg

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

  ཞིན་ཧྭ་གསར་འགྱུང་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གྲོས་གཞི་གཙོ་བོ་ནི་ཨར་ལས་བཟོ་བར་ལས་ཀའི་ཁྲོད་དུ་རྨས་སྐྱོན་བྱུང་སྐབས་ཀྱི་ཁེ་དབང་སྲུང་སྐྱོབ་ཞེས་པ་དེ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུངས་བཤད་གནང་།

  བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་ཞེའོ་ནོང་དང་། ཀྲང་ཧྲི་ཕེན། གོ་ཡུང་ཁྲུན་སོགས་ཆེད་མཁས་པས་ཨར་ལས་བཟོ་བར་ལས་ཀའི་ཁྲོད་ནས་རྨས་སྐྱོན་བྱུང་སྐབས་ཀྱི་ཁེ་དབང་སྲུང་སྐྱོབ་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་དམ་པོར་དམིགས་ནས་བཞུགས་མོལ་དང་བརྗེ་རེས་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

  ཨུ་ཡོན་རྣམས་ཀྱིས་བལྟས་ན། ཨར་ལས་བཟོ་བས་རང་རྒྱལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ལས་དོན་ཁྲོད་དུ་བྱས་རྗེས་གལ་ཆེན་བཞག ཨར་ལས་བཟོ་སྐྲུན་ལས་རིགས་ནི་ལས་ཀའི་ཁྲོད་དུ་རྨས་སྐྱོན་འབྱུང་ཉེན་ཅུང་ཆེ་བའི་ལས་རིགས་ཤིག་ཡིན་པ་དང་། ཨར་ལས་བཟོ་སྐྲུན་འཐབ་ཕྱོགས་དང་པོའི་ལས་བཟོ་བ་མང་ཆེ་ཤོས་ནི་ཞིང་བ་ཡིན་ཞིང་། ཨར་ལས་བཟོ་བ་ལས་ཀའི་ཁྲོད་ནས་རྨས་ཕོག་པའི་ཉེན་ཚབ་ཁྲོད་ཞུགས་ཚད་ཅུང་ཉུང་བས། ལས་ཀའི་སྐབས་སུ་རྨས་སྐྱོན་བྱུང་ཚེ་ཁེ་དབང་ལ་གནོད་པ་ཐེབས་སྲིད་པ་དང་། ལས་ཀའི་སྐབས་སུ་རྨས་སྐྱོན་བྱུང་རྗེས་ཀྱི་ཁེ་དབང་སྲུང་སྐྱོབ་གནད་དོན་ཅུང་འབུར་ཐོན་རེད། ཨར་ལས་བཟོ་བར་ལས་ཀའི་སྐབས་སུ་རྨས་སྐྱོན་བྱུང་ཚེ་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་ཐག་གཅོད་པ་དང་། རྒྱ་ཆེའི་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ན། ཨར་ལས་བཟོ་སྐྲུན་ལས་རིགས་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་དང་ཡར་སྐུལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་སྙམ།

  ཨུ་ཡོན་རྣམས་ཀྱིས་ཨར་ལས་བཟོ་བར་ལས་ཀའི་སྐབས་སུ་རྨས་སྐྱོན་བྱུང་ཚེ་དེའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་ཐག་གཅོད་དགོས་ན། ལས་གཞི་ལྟར་དུ་ཉེན་ཚབ་ཁྲོད་ཞུགས་པ་དང་། རིན་གོང་གཏན་ཁེལ་བྱེད་པ། སྤྱིའི་འགན་འཁྲི་ཁེ་ལས་ཀྱིས་སྟེར་ཐེངས་གཅིག་ལ་སྟེར་བ། ལས་བཟོ་བ་ཡོངས་ལ་ཁྱབ་པར་བྱེད་པ་བཅས་ཀྱི་ལས་ཀའི་སྐབས་སུ་རྨས་པའི་ཉེན་ཚབ་ཁྲོད་ཞུགས་པའི་རྣམ་པ་སྤྱད་དེ། ཨར་ལས་བཟོ་བ་རྨས་སྐྱོན་ཉེན་ཚབ་ཁྲོད་ཞུགས་ཚད་ཇེ་མཐོར་གཏོང་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཞི་ཡི་ཨར་ལས་བཟོ་བའི་རྨས་སྐྱོན་ཉེན་ཚབ་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར་དེར་ལག་བསྟར་ཀྱི་རིན་ཐང་ཆེན་པོ་ལྡན་པས། མུ་མཐུད་དུ་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་བཏང་ནས་མྱུར་དུ་གཏན་འབེབས་བྱེད་རྒྱུའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག