མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཉིས་སྟོང་བཅུ་བཞི་ལོའི་སྟོན་དུས་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:20

222.jpg

  ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཉིས་སྟོང་བཅུ་བཞི་ལོའི་སྟོན་དུས་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ཚོགས་མགོ་རྩོམ་པའི་མཛད་སྒོ་བསྡུས།

4444.jpg

  ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཉིས་སྟོང་བཅུ་བཞི་ལོའི་སྟོན་དུས་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ཚོགས་མགོ་རྩོམ་པའི་མཛད་སྒོ་བསྡུས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཉིས་སྟོང་བཅུ་བཞི་ལོའི་སྟོན་དུས་སློབ་སྐབས་ཀྱི་ཟབ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ཚོགས་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཛད་སྒོར་ཞུགས་པ་མ་ཟད་གསུངས་བཤད་གནང་། ཁོང་གིས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ནན་ཏན་སྒོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཆོད་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ནས། རང་རྟོགས་ཀྱིས་ཁྲིམས་སློབ་པ་དང་ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་ཀྱི་མིག་དཔེ་བྱེད་དགོས་ཟེར།

  ལིག་ཡུན་ཧྲན་གྱིས་བསྟན་དོན། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་། ཁྲིམས་སྐྱོང་སྙིང་སྟོབས་ཆགས་པར་བྱས་ནས། ཤུགས་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཏང་གི་མགོ་ཁྲིད་འོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྲུན་དེ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ། མི་དམངས་སྲུང་སྐྱོབ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་མཆོག་ཏུ་གྱུར་བ་དང་། བཅའ་ཁྲིམས་མདུན་ནས་མི་རེ་རེ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་བཏང་ནས། བཅའ་ཁྲིམས་དང་འགལ་མི་ཆོག་པ་ནམ་ཡིན་ཡང་སེམས་ལ་དམ་པོར་འཛིན་དགོས་ཟེར།

  ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། དབང་ཆ་དང་ཁྲིམས་གཉིས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་རྒྱུ་ནི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་དུས་རྒྱུན་གྱི་ཐད་ཀར་གྱི་ཉམས་སད་ཡིན་པས། ཁྲིམས་ལྟར་དབང་བཀོལ་བ་དང་། ཁྲིམས་གཅོད་དབང་བཀོལ། སྤྱོད་གཙང་དབང་བཀོལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡང་དག་པའི་སྒོ་ནས་དབང་ཆའི་ཚད་ཁོང་དུ་ཆུད་པར་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་འགན་འཁྲི་ལྟར། བྱ་བ་གཏན་ནས་མི་སྒྲུབ་པ་དང་། ཡང་ན་གང་འདོད་ལྟར་སྒྲུབ་པར་སྔོན་འགོག་བྱས་ནས། དབང་ཆ་རྣམ་དག་གི་སྒོ་ནས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག