མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨོ་སི་ཁྲི་ལི་ཡ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲི་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་ཨ་པའོ་ཐི་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨོ་སི་ཁྲི་ལི་ཡའི་པུའུ་ལིས་སི་པན་གྲོང་ཁྱེར་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་དགུ་བར་ཞུགས་པར་ཕེབས།

ཨོ་སི་ཁྲི་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་དང་ཙུང་ལི་ཨ་པའོ་ཐི། ནེའུ་ཙི་ལན་གྱི་ཙུང་ཏུའུ་མེད་ཐི་ཕ་ལིས་དང་ཙུང་ལི་ཡོ་ཧན་ཅི། ཧྥེ་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ནའེ་ལ་ཏེ་ཁའོ་དང་ཙུང་ལི་མུའུ་པད་ཉི་མཱ་ལཱ་མ་བཅས་ཀྱིས་གདན་དྲངས་པ་ལྟར། ཞི་ཅིན་ཕེན་གྱིས་གོང་གི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་ཡིན་པར་མ་ཟད། ཧྥེ་ཅི་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕན་ཚུན་བར་འབྲེལ་བ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕེན་ལ་འགྲོ་རོགས་བྱེད་མཁན་ལ་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡཱང་སོགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག