མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་གཉིས་མཱ་ཡ་རིག་གནས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གསུམ་ཉིན་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་མཉམ་དུ་པེ་ཅིན་རྒྱལ་ཁབ་རྟེན་མཛོད་ཁང་ནས་བསྡུས་པའི་མཱ་ཡ་རིག་གནས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕེན་གྱིས་ཞུ་ཚིག་འབུལ་སྐབས་གསུངས་རྒྱུར། ཀྲུང་གོ་དང་མོ་ཞི་ཁོ་གཉིས་ནི་ལོ་རྒྱུས་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་དང་ཡར་ཐོན་ཐད་ལ་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཙུང་ཐུང་ཕེ་ཉི་ཡ་ཡིས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་མཉམ་དུ་མཱ་ཡ་རིག་གནས་འགྲེམ་སྟོན་སྤེལ་བ་དེ་ནི་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་རྒྱུས་ལོན་དང་འབྲེལ་འདྲིས། དཔྱད་གཞིར་འཛིན་པ་བཅས་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་དང་ཡར་ཐོན་ཐད་ལ་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

ཕེ་ཉི་ཡ་ཡིས་བཤད་རྒྱུར། མོ་ཞི་ཁོ་དང་ཀྲུང་གོ་གཉིས་ནི་ལོ་རྒྱུས་རིང་ཞིང་འོད་སྟོང་འབར་བའི་མདུན་ལྗོངས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། ངས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་སོ་སོའི་ཐད་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོའི་མི་དམངས་སྔར་ལས་མང་བོ་མོ་ཞི་ཁོར་ཡོང་སྟེ་མོ་ཞི་ཁོའི་རིག་གནས་ལ་དངོས་སུ་རྒྱུས་ལོན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ཀྱིས་ཕེ་ཉི་ཡ་བཟའ་ཟླ་གཉིས་དང་མཉམ་དུ་མཱ་ཡ་རིག་གནས་འགྲེམ་སྟོན་གྱི་དར་ཚོན་བཅད་པར་མ་ཟད་འགྲེམ་སྟོན་ལ་གཟིགས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག