མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-13 11:42

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་སྟེང་དུ་ཆེས་གལ་ཆེ་བའི་ཕྱོགས་གཉིས་བར་གྱི་འབྲེལ་བའི་ནང་གི་གཅིག་རེད། རེབ་འདིའི་འཚམས་འདྲིའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕེན་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། མཉམ་དུ་རྒྱལ་སྤྱིའི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་མཐུན་སྦྱོར་ཇེ་དྲག་ཏུ་བཏང་བ་དེས་ཀྲུང་གོ་དང་ཨ་མེ་རི་ཁས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་འཛུགས་པའི་ཐད་ནས་ངོ་བོ་རང་བཞིན་གྱི་གོམ་སྟབས་སྤོ་ཐུབ་ཟེར། ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཕན་ཚུན་བར་འགྲོ་འོང་བྱེད་པར་ཤུགས་སྣོན་པ་དང་། བརྗེ་རེས་ནང་རྐྱེན་གྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་པ། སྔར་ལས་སྒོ་འབྱེད་ཀྱི་རྣམ་པས་གྲོས་མོལ་བྱས་ནས། ཕྱོགས་གཉིས་ཀྱི་དངུལ་གཏོང་དང་ཉོ་ཚོང་མཉམ་ལས་དང་དེ་མིན་མི་སྣ་འགྲོ་འོང་བྱེད་པའི་ཐད་ལ་བཅའ་ཁྲིམས་ཀྱི་འགན་སྲུང་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་འཛུགས་པའི་ནུས་པ་ཆེན་པོ་གཅིག་ཏུ་བསྡུ་དགོས་ཟེར།

ཨོ་པ་མས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོས་མཉམ་ལས་བྱེད་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཟེར། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཡར་སྐུལ་བྱེད་པའི་ཐད་ལ་ཀྲུང་གོས་སྔར་ལས་སྟོབས་དང་ལྡན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁའི་རྒྱལ་ཚོགས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཉམ་དུ་བརྗེ་རེས་ཇེ་ཟབ་ཏུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ལ། དེས་ཆབ་སྲིད་ཀྱི་ཐད་ནས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་པར་སྔར་ལས་རྒྱབ་སྐྱོར་ཐོབ་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག