མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གྲྭ་ཆེན་མོ་བའི་དང་བླངས་པས་རྒྱལ་ཁབ་ཀྱི་གསོལ་སྟོན་ཐོག་ཕྱི་རྒྱལ་སྐུ་མགྲོན་ལ་སྐད་སྒྱུར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ11ཚེས10ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པའི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་དེ་པེ་ཅིན་རྒྱལ་ཁབ་ཆུ་རྐྱལ་ཁང་དུ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། ཐེངས་འདིའི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ཐོག པེ་ཅིན་གྱི་མཐོ་རིམ་སློབ་གྲྭ23ནས་ཡོང་བའི་དང་བླངས་པ2280ཡི་ཁྲོད། ཕྱི་འབྲེལ་སློབ་གླིང་དབྱིན་སྐད་ཚན་ཁག་ལོ་རིམ་གསུམ་པའི་སློབ་མ་ཀྲུའུ་ཀོན་ཀྲེན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕོང་ལིས་ཡོན་གྱི་གདན་ཞུའི་ཡི་གེ་འབྱོར་བ་དང་། རྒྱལ་ཁབ་ཀྱི་གསོལ་སྟོན་ལ་ཞུགས་རྒྱུ་བྱུང་ཡོད། རྒྱལ་ཁབ་ཀྱི་གསོལ་སྟོན་ཐོག ཁོང་གིས་དང་བླངས་པའི་ཐོབ་ཐང་ཐོག་ནས་དེར་ཡོད་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་སྐད་སྒྱུར་བྱས་ཡོད་པ་རེད།

སྤྱི་ཟླ11ཚེས10ཉིན་གྱི་ཕྱི་དྲོ། ཀྲུའུ་ཀོན་ཀྲེན་ལ་གདན་ཞུའི་ཡི་གེ་འབྱོར་བ་དང་། གདན་ཞུའི་ཡི་གེའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕོང་ལིས་ཡོན་ཞེས་བྲིས་ཡོད་པ་མཐོང་སྐབས། ཀྲུའུ་ཀོན་ཀྲེན་གྱིས། དྲང་པོ་ཞུས་ན་གདན་ཞུའི་ཡི་གེ་འབྱོར་སྐབས། ང་ལ་སེམས་འགུལ་ཚད་མེད་བྱུང་། དེ་ནི་ཁོ་པས་ཕྱི་འབྲེལ་སློབ་གླིང་དུ་དང་བླངས་པའི་རུ་སྣེ་འཁྲིད་པའི་ལས་དོན་སྒྲུབ་རིང་གི་གདེང་འཇོག་ཡག་ཤོས་དེ་ཡིན་ཞེས་བཤད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག