མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞང་ཀང་ཉོ་ཚོང་གོང་འཕེལ་ཅུས་ཀྱི་སྤྱི་འདོམས་གསར་པས་བཀོད་ཇུས་རང་བཞིན་གྱི་ཁ་ཕྱོགས་ཆེན་པོ་གསུམ་གྱིས་ཤང་ཀང་གི་འགྲན་རྩོད་བཟང་ཆ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞང་ཀང་ཉོ་ཚོང་གོང་འཕེལ་ཅུས་ཀྱི་གསར་དུ་བསྐོ་བཞག་བྱས་པའི་སྤྱི་འདོམས་ཧྥང་ཧྲུན་ཝུན་གྱིས་སྤྱི་ཚེས་11ཉིན། ཞང་ཀང་ནས་འགྲན་རྩོད་ནུས་པ་རྒྱུན་འཁྱོངས་དང་བཟང་ཆ་རྒྱུན་འཁྱོངས་བྱ་རྒྱུས་དམིགས་འབེན་བྱེད་པ་དང་བཀོད་ཇུས་རང་བཞིན་གྱི་ཁ་ཕྱོགས་ཆེན་པོ་གསུམ་གྱི་ཐོག་ནས། ཚོགས་པའི་སྣེ་ཁྲིད་དེ་ཞང་ཀང་དང་དེ་བཞིན་འཛམ་གླིང་ཧྲིལ་པོའི་ཁེ་ལས་ལ་ཚོང་ལས་ཀྱི་གོ་སྐབས་བསྐྲུན་རྒྱུ་ཡིན་ཞེས་བསྟན་འདུན། ཧྥང་ཧྲུན་ཝུན་ནི་ཞང་ཀང་ཉོ་ཚོང་གོང་འཕེལ་ཅུས་ཀྱི་བུད་མེད་སྤྱི་འདོམས་ཐོག་མ་དེ་ཡིན་པ་དང་སྤྱི་ཟླ་བཅུ་པར་བསྐོ་བཞག་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག