མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གྱོན་ཆས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཚོགས་འདུའི་ཐོག་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས10ཉིན་གྱི་དགོང་མོ། 2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པར་དགའ་བསུ་ཞུ་བའི་གསོལ་སྟོན་པེ་ཅིང་གི་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ་སྐོང་ཚོགས་བྱས་ཡོད། གསོལ་སྟོན་ལ་ཞུགས་མཁན་ཁོངས་གཏོགས་དཔལ་འབྱོར་མ་ལག་ཁག་གི་འགོ་ཁྲིད་པས་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གྱོན་ཆས་གྱོན་ཡོད་པས་ཕྱོགས་ཁག་གིས་དོ་འཁུར་ཆེན་པོ་བྱས་ཡོད་པ་དང་། ཚང་མས་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད་པ་རེད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འགོ་ཁྲིད་པའི་གྱོས་ཆས་འཆར་འགོད་བྱེད་མཁན་ཚོགས་པའི་འཆར་འགོད་དབུ་ཆེན་གྱིས། ད་རེས་ཀྱི་གྱོན་ཆས་འཆར་འགོད་ནང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་དཔལ་འབྱོར་མ་ལག21ནི་རི་ཆུ་འབྲེལ་བ་དང་ཕན་ཚུན་སྲུང་སྐྱོང་གི་ནང་དོན་མཚོན་པར་བྱས་ཡོད་ཅེས་བསྟན་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་གྱོན་ཆས་འཆར་འགོད་ཚོགས་པའི་འཆར་འགོད་དབུ་ཆེན་ཀུ་ཡོན་ཡོན་གྱིས། འགོ་ཁྲིད་པའི་གྱོན་ཆས་དེས་སྟབས་བདེ་དང་། སྤོབས་ཉམས་མེད་པ། ཁོངས་ཡངས་བཅས་ཀྱི་རྣམ་པ་མངོན་ཡོད་ཅེས་གསུངས་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་གྱོན་ཆས་འཆར་འགོད་ཚོགས་པའི་འཆར་འགོད་དབུ་ཆེན་ཁྲུའུ་ཡན་གྱིས། གྱོན་གོས་བཟོ་རྩལ་ཐད། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་བཟོ་སྟངས་སྤྱད་ཡོད་པ་དང་། ཀྲུང་གོའི་ནང་དོན་མངོན་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྱོན་ཆས་དེ་དག་དེ་བས་འཚམ་པོ་དང་བདེ་པོ་ཡོང་བ་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག