མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་ཚིགས་གསུམ་པར་གྲོང་ཁྱེར་102ལ་ལས་ཀ་འཚོལ་མཁན་མི་གྲངས་ས་ཡ་གསུམ་དང་བརྒྱད་འབུམ་དྲུག་ཁྲི་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-13 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་102ལ་ད་ལོའི་དུས་ཚིགས་གསུམ་པར་ལས་ཀ་འཚོལ་མཁན་མི་གྲངས་ས་ཡ་གསུམ་དང་བརྒྱད་འབུམ་དྲུག་ཁྲི་ལས་མེད་ཅིང་། དེ་ནི་སྤྱི་ལོ་2009ལོའི་ཚུན་གྱི་ཆུ་ཚད་དམའ་ཤོས་ཡིན་པ་རེད། དེར་བརྟེན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས། དེའི་ཐོག་ནས་ཁྲོམ་རྭའི་ཐོག་ལས་ཀ་འཚོལ་མཁན་མི་གྲངས་ཉུང་དུ་འགྲོ་བའི་རྣམ་པ་མངོན་ཡོད་ཅེས་བཤད་འདུག

གྲངས་གཞིར་དབྱེ་ཞིབ་བྱས་པ་ལས་མངོན་པར། ད་ལོའི་དུས་ཚིགས་གསུམ་པར་མི་ཤུགས་ཐོན་ཁུངས་ཁྲོམ་རྭའི་ཐོག་ལས་མིའི་དགོས་མཁོའང་ཉུང་དུ་འགྲོ་བའི་རྣམ་པ་མངོན་ཡོད། རིགས་གཅིག་མཁས་པས་དབྱེ་ཞིབ་བྱས་པར། དེ་དང་མིག་སྔའི་དཔལ་འབྱོར་འཕར་ཚད་འགོར་དུ་སོང་བ་དང་འབྲེལ་བ་ཡོད་ཅེས་བསྟན་འདུག

གྲངས་གཞི་ལས་ད་དུང་མངོན་པར། དུས་ཚིགས་གསུམ་པར་ལས་ཀ་འཚོལ་མཁན་ཁྲོད། ལས་ཤོར་གཞོན་ནུ་གསར་དུ་ཐོན་པ་སྟེ། ལོ་དེར་ངལ་རྩོལ་ནུས་ཤུགས་ཁྲོམ་རྭའི་ཐོག་གསར་དུ་སླེབས་པའི་རིགས་ཁག་གི་སློབ་ཐོན་སློབ་མའི་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་སོང་བ་དེ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག