མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲི་ལིའི་ཙུང་ཐུང་དང་ཨོ་སི་ཁྲི་ལི་ཡའི་ཙུང་ལི། མ་ལེ་ཞི་ཡའི་ཙུང་ལི་བཅས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-11 10:29

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲི་ལིའི་ཙུང་ཐུང་པ་ཆེ་ལེ་ཐི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པའོ་ཐི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་པའི་ཀྲི་ལིའི་ཙུང་ཐུང་པ་ཆེ་ལེ་ཐི་དང་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པའོ་ཐི། མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་བཅས་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་པ་ཆེ་ལེ་ཐི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲི་ལི་ནི་ཀྲུང་གོའི་བར་ལ་རང་མོས་ཉོ་ཚོང་གི་གྲོས་མཐུན་འགོད་པའི་ལ་ཏེན་མེ་གླིང་གི་རྒྱལ་ཁབ་ཐོག་མ་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་ཕྱོགས་གཉིས་བར་གྱི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བཟང་བོ་བྱས་ཏེ། དཔེ་སྟོན་གྱི་ནུས་པ་འདོན་པ་དང་ཕན་འབྲས་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་མཉམ་ལས་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་དཔེ་སྟོན་དུ་བསྒྱུར་དགོས་ཟེར།

ལིས་ཁི་ཆང་གིས་ཨ་པའོ་ཐི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་གི་སྟོབས་ཤུགས་ཡོད་པའི་ཁེ་ལས་ཨོ་སི་ཁྲི་ལི་ཡའི་ལྕགས་ལམ་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཨོ་སི་ཁྲི་ལི་ཡ་ཕྱོགས་དང་མཉམ་དུ་ས་ཁུལ་གྱི་འབྲེལ་འདྲིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ན་ཅི་པུའུ་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་ཅི་ལུང་ཕོ་ནས་མི་དམངས་ཤོག་སྒོར་ལ་གཙང་རྩིས་དང་བཀོད་སྒྲིག་བྱེད་པའི་གྲོས་མཐུན་བཀོད་པ་གོ་སྐབས་སུ་བཟུང་སྟེ། དངུལ་ལོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག