མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གྲོས་མོལ་ཚོགས་འདུར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-11 10:29

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གྲོས་མོལ་ཚོགས་འདུར་ཞུགས། པར་འདི་ནི་ཞི་ཅིན་ཕེན་ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་པར་ཞུགས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་ཉིན་པེ་ཅིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གྲོས་མོལ་ཚོགས་འདུར་ཞུགས། ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་བཟང་། ཀྲུང་གོ་ནི་ས་ཁོངས་མཉམ་ལས་ཀྱི་ཁེ་ཕན་ཐོབ་མཁན་ཡིན་ལ། ས་ཁོངས་མཉམ་ལས་ཀྱི་དར་སྤེལ་དང་ཡར་སྐུལ་གཏོང་མཁན་ཡང་ཡིན་པས། ང་ཚོས་ས་ཁུལ་རང་གི་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་འདོད་ཡོད་ལ། ས་ཁོངས་དཔལ་འབྱོར་མྱུར་དུ་གཞི་གཅིག་ཅན་དུ་བསྒྱུར་བ་དང་། ལག་རྡང་སྦྲེལ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་འདོད་ཡོད་ཟེར།

 ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོས་ད་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྦྱིན་བདག་གི་འགན་འཁུར་ཡོད་ལ། ཀྲུང་གོས་གོ་སྐབས་འདི་དང་བསྟུན་ནས། ས་ཁུལ་རང་གི་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ས་ཁོངས་དཔལ་འབྱོར་མྱུར་དུ་གཞི་གཅིག་ཅན་དུ་བསྒྱུར་བ། ཁོངས་གཏོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ། ལག་རྡང་སྦྲེལ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། མ་འོངས་པར་ཁ་ཕྱོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གྲོགས་པོའི་འབྲེལ་བ་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བཟོ་ཚོང་ལས་རིགས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ཚང་མས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཡུན་རིང་དུ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།  

དེའི་རྗེས་སུ་ཞི་ཅིན་ཕེན་ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་པའི་ཁྲོད་ཞུགས་ཏེ། བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག