མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱལ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-10 10:53

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། 2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས། པར་འདི་ནི་གྲོས་ཚོགས་མ་ཚོགས་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་དེ་ཚེས་དགུ་ཉིན་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་ཡུན་རིང་གི་འཕེལ་རྒྱས་གཉེར་ནས་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོའི་དཔལ་འབྱོར་གནས་བབ་རྒྱུན་ལྡན་ཡིན་པས། ཀྲུང་གོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སྐྱེལ་ཡོང་། ང་ཚོས་བཅོས་བསྒྱུར་ལས་དོན་བློ་བརྟན་འགྱུར་མེད་སྒོས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་དེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ལ་གོ་སྐབས་དང་ཁེ་ཕན་ཆེན་པོ་བསྐྲུན་སྲིད། ཀྲུང་གོས་ས་ཁུལ་རང་གི་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕུགས་འདུན་བཟང་བོ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་གནའ་བའི་དཔལ་ཡོན་དང་གསར་དར་སྟོབས་ཤུགས་ཆེན་པོ་ལྡན། དེ་རུ་འཕེལ་རྒྱས་ཀྱི་སྟོབས་ཤུགས་དྲག་པོ་ལྡན་ལ། འོད་སྟོང་འབར་བའི་མ་འོང་བའི་མདུན་ལྗོངས་ཀྱང་ལྡན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་འཛམ་གླིང་ཁྲོད་ཟིན་པའི་གོ་གནས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པས། ང་ཚོར་ས་ཁུལ་རང་གི་མི་དམངས་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགན་འཁྲི་ཡོད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཕུགས་འདུན་དེ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁྱིམ་ཚང་ཆེན་པོ་དང་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དར་རྒྱས་གོང་འཕེལ་དུ་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་དེ་ཡིན་ལ། འཛམ་གླིང་གི་འཕེལ་ཕྱོགས་ལ་མུ་མཐུད་དུ་སྣེ་ཁྲིད་བྱས་ནས། མིའི་རིགས་བདེ་སྐྱིད་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་དེ་ཡིན་པར་མ་ཟད། དཔལ་འབྱོར་སྔར་ལས་དར་རྒྱས་སུ་གཏོང་བ་དང་ཉོ་ཚོང་སྔར་ལས་རང་དབང་ཡིན་པ། དངུལ་གཏོང་སྔར་ལས་སྟབས་བདེ་ཡིན་པ། བགྲོད་ལམ་སྔར་ལས་ཤར་གཏོང་ཐུབ་པ། མི་དང་མིའི་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་འགྲོ་བ་དེ་ཡིན་པ་དང་། མི་དམངས་ལ་སྔར་ལས་བདེ་འཇགས་ཀྱི་འཚོ་བ་བཟང་བོ་རོལ་དུ་འཇུག་རྒྱུ་དེ་ཡང་ཡིན། ང་ཚོས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་འབད་བརྩོན་ཆེན་པོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་བཅས་དང་ཕན་ཚུན་བར་འབྲེལ་འདྲིས་དང་རྒྱབ་བརྟེན་བྱས་ནས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་དོན་དག་བཟང་བོར་སྒྲུབ་པའི་དུས་མཉམ་དུ། རང་ཉིད་འཕེལ་རྒྱས་སུ་བཏང་སྟེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། འཛམ་གླིང་བཅས་ལ་ཁེ་ཕན་སྔར་ལས་མང་པོ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་དངུལ་ཁང་སྔ་མོ་ནས་འཛུགས་པར་ཡར་སྐུལ་གཏོང་བ། ས་ཁོངས་མཉམ་ལས་ཀྱི་འཕེལ་རིམ་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་བར་ཕན་ཚུན་འབྲེལ་འདྲིས་དང་། དར་རྒྱས་གོང་འཕེལ་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

ཀྲི་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཆེ་ལེ་ཐི་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་བེས་ཏོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག