མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་དང་ཐེ་གོའི་ཙུང་ལི་ལིས་པ་ཡུས་གཉིས་ཀར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-10 10:53

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེ་གོའི་ཙུང་ལི་ལིས་པ་ཡུས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་པར་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་དང་ཐེ་གོའི་ཙུང་ལི་ལིས་པ་ཡུས་གཉིས་ཀར་མཇལ་འཕྲད་གནང་།

 ལིས་ཁི་ཆང་གིས་ཙོ་ཁི་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཛའ་མཐུན་མཉམ་ལས་ནི་ས་གནས་ཞི་བའི་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མངའ་ཁོངས་མཉམ་ལས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པར་རྒྱབ་སྐྱོར་བྱེད་པ་ཡིན། ཧིན་རྡུ་ཉི་ཞི་ཡས་མུ་མཐུད་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།

ལིས་ཁི་ཆང་གིས་ཐེ་གོའི་ཙུང་ལི་ལིས་པ་ཡུས་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ་ང་ཚོ་མུས་ལན་ནས་ཚོགས་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མཐོ་གཙོའི་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དང་གྲོས་མཐུན་དངོས་འབེབས་བཟང་བོ་བྱེད་པར་མཐའ་གཅིག་ཏུ་འཐད་པ་བྱུང་ནས། ཀྲུང་གོ་དང་ཐེ་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་སང་ལོར་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ་འགྲོ་འོང་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་དེ་གྲུབ་འབྲས་ངོ་མ་རུ་བསྒྱུར་དགོས་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག