མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁཱ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་པོ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:01

222.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁཱ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་པོ་དང་གྲོས་མོལ་མཛད།

111.jpg

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁཱ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་པོ་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁཱ་ན་ཏ་རྒྱལ་ཁབ་ཀྱི་ཙུང་ལི་ཧ་པོ་དང་གྲོས་མོལ་མཛད།

  ལིས་ཁི་ཆང་གིས་ཐོག་མར་ཁཱ་ན་ཏ་ནས་ཟླ་བཅུ་བའི་ནང་དུ་འཇིགས་སྐུལ་པའི་དོན་རྐྱེན་བྱུང་ནས་དམག་མི་ཚེ་ལས་འདས་པར་འཚམས་འདྲི་ཞུས། ཧ་པོ་ཡིས་ལིས་ཁི་ཆང་གིས་འཚམས་འདྲི་ཞུས་པར་བཀའ་དྲིན་ཞུས།

  ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁཱ་ན་ཏ་བར་གྱི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཐེངས་འདིར་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་གྱི་འབྲེལ་གཏུག་དང་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱུ་དང་། ཕྱི་འབྲེལ་པུའུ་ཀྲང་གི་ལོ་རེའི་གྲོས་མོལ་དང་དཔལ་འབྱོར་ནོར་སྲིད་འཐབ་ཇུས་ཀྱི་གྲོས་མོལ་ནང་རྐྱེན་འཛུགས་རྒྱུའི་ཐག་བཅད་པ་དེས་ཀྲུང་གོ་དང་ཁཱ་ན་ཏའི་བར་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཆུ་ཚད་མཐོན་པོ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁཱ་ན་ཏའི་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། འགལ་བ་ཐག་གཅོད་བཟང་བོ་བྱས་ནས། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁཱ་ན་ཏ་ཕྱོགས་ཀྱིས་ཁཱ་ན་ཏ་དང་ཀྲུང་གོའི་དངུལ་གཏོང་སྲུང་སྐྱོབ་གྲོས་མཐུན་གྱི་བརྒྱུད་རིམ་ཡོངས་འགྲུབ་བྱས་པར་དགའ་བསུ་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་གི་གཞི་ཁྱོན་རྒྱ་བསྐྱེད་དེ། ཉིས་སྟོང་ཉི་ཤུ་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་མ་དངུལ་ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག་གཅིག་མངོན་འགྱུར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཕྱོགས་གཉིས་ཀྱི་ཚོང་རར་ཞུགས་པར་ཁོར་ཡུག་ཅུང་བཟང་བོ་ཞིག་བསྐྲུན་རྒྱུའི་རེ་བ་བཅངས་ཡོད་ཟེར།

  ཧ་པོ་ཡིས་བསྟན་དོན། ཀྲུང་གོ་ནི་ཁཱ་ན་ཏའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བྱུང་བ་ཅུང་བཟང་ཞིང་། ཕྱོགས་གཉིས་ཀར་དེའི་ཁྲོད་ནས་ཕན་འབྲས་ཐོབ་ཡོད། ཁཱ་ན་ཏས་ཁཱ་ན་ཏ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཤུགས་སྣོན་པ་དང་། ཀྲུང་གོའི་བར་དུ་ཉོ་ཚོང་དང་། དངུལ་གཏོང་། ཚན་རྩལ། ནུས་ཁུངས། དངུལ་ལོར། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ནས་གཉིས་ཕན་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོ་དང་ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོའི་འབད་བརྩོན་འོག་ཏུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པེ་ཅིན་གྲོས་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས།ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་ཡར་སྐུལ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཟེར

  ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཆེན་ཆེན་མོའི་ཚོམས་ཆེན་བྱང་མ་ནས་མཛད་སྒོ་བསྡུས་ཏེ། ཧ་པོ་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཁཱ་ན་ཏའི་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། དངུལ་ལོར། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག