མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཕན་ཚུན་བར་གྱི་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་གྲོས་མོལ་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:01

习近平主持加强互联互通伙伴关系对话会3.jpg

  ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཕན་ཚུན་བར་གྱི་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་གྲོས་མོལ་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

习近平主持加强互联互通伙伴关系对话会2.jpg

  ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ཏའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཕན་ཚུན་བར་གྱི་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་གྲོས་མོལ་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་གྲོས་མོལ་གྲོས་ཚོགས་ཚེས་བརྒྱད་ཉིན་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད། ཁ་ཡིག་ལ་ཕན་ཚུན་འབྲེལ་འདྲིས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། གྲོགས་པོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཨེ་ཤ་ཡའི་རྒྱལ་ཁབ་གཙོ་བོར་བཟུང་སྟེ། དཔལ་འབྱོར་བར་ཁྱམས་ལ་རྒྱབ་བརྟེན་བྱེད་པ་དང། འགྲིམ་འགུལ་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བ། དངུལ་བསྡུའི་མཐུན་རྐྱེན་ཧུར་ཐག་སྒོས་བསྐྲུན་པ། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་མཚོ་ཐོག་གི་དར་གོས་ཚོང་ལམ་གྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་བར་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཏེ། འཕེལ་རྒྱས་དང་ལས་དབང་གི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཉི་ཤུ་ཡས་མས་སུ། གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་རྒྱལ་སྤྱི་རྩ་འཛུགས་ཀྱི་འགན་ཁུར་བ་སྔ་གཞུག་ཏུ་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བསླེབས། ཁོ་ཚོ་ནི་བྷང་ག་ལའི་ཙུང་ཐུང་ཧ་སྨིས་ཏི་དང་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལིས། མོང་གོལ་གྱི་ཙུང་ཐུང་ཨིག་ལི་པེད་ཀི་ཏའོ་ཨར་ཅི། འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སིན། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལིས་ཧྥུའུ། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ལག་བསྟར་དྲུང་ཡིག་ཨ་ཧི་ཐ་ཨར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་མཱེ་ཅིན་ཚེ་ཧྥུའུ་བཅས་རེད། ཞི་ཅིན་ཕེན་གྱིས་ཁོ་ཚོར་ཕྱག་འཇུ་གནང་སྟེ། ཕན་ཚུན་ལ་འཚམས་འདྲི་ཞུས།

  གྲོས་མོལ་ཚོགས་འདུའི་སྟེང་། ཞི་ཅིན་ཕེན་གྱིས་ཐོག་མར་གསུངས་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གནའ་ནས་བཟུང་། ཕན་ཚུན་བར་འབྲེལ་འདྲིས་བྱེད་པ་ནི་མིའི་རིགས་ཀྱིས་རེ་སྙེག་ཅིག་རེད། དར་གོས་ཚོང་ལམ་ནི་དཔེ་སྟོན་ཞིག་ཡིན། ཨེ་ཤ་ཡའི་རྒྱལ་ཁབ་སོ་སོའི་མི་དམངས་ནི་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་གསར་གཏོད་མཁན་ཡིན། སྒྲིག་གཞི་ལེགས་སྒྲིག་དང་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་འཛམ་གླིང་གི་རླབས་རྒྱུན་ཁྲོད། ཨེ་ཤ་ཡའི་རྒྱལ་ཁབ་ཀྱིས་ངེས་པར་དུ་འབད་བརྩོན་ཆེན་པོ་བྱས་ནས། ཨེ་ཤ་ཡའི་ཐོན་ཁུངས་དང་ཨེ་ཤ་ཡ་གསར་སྐྲུན། ཨེ་ཤ་ཡའི་དངུལ་གསོག ཨེ་ཤ་ཡའི་བཟོ་གྲྭ་བཅས་ཀྱི་རྨང་གཞིའི་སྟེང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཨེ་ཤ་ཡའི་རིན་ཐང་དང་ཨེ་ཤ་ཡ་གསར་སྐྲུན། ཨེ་ཤ་ཡའི་དངུལ་གཏོང་། ཨེ་ཤ་ཡའི་ཚོང་ར་བཅས་འཕེལ་རྒྱས་སུ་གཏོང་དགོས་ལ། ལག་རྡང་མཉམ་སྦྲེལ་གྱིས་དཔལ་འབྱོར་འཕར་སྣོན་བྱེད་ས་གསར་བ་དང་འགྲན་རྩོད་སྟོབས་ཤུགས་གསར་བ་སྐྱེད་སྲིང་བྱེད་དགོས། དམིགས་འབེན་དེ་དག་མངོན་འགྱུར་བྱེད་དགོས་ན། ཕན་ཚུན་བར་འབྲེལ་འདྲིས་བྱེད་རྒྱུ་ནི་གནད་འགག་གི་བྱ་བ་ཞིག་ཡིན་ཟེར།

  ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་མཉམ་དུ་འཛུགས་སྐྲུན་བྱེད་པ་ནི་ཕན་ཚུན་བར་འབྲེལ་འདྲིས་དང་གཞོགས་འདེགས་བྱེད་པའི་གནད་ས་ཞིག་ཡིན། དེའི་ཐད་ལ་ཞི་ཅིན་ཕེན་གྱིས་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནི་ཨེ་ཤ་ཡའི་རྒྱལ་ཁབ་གཙོ་བོར་བཟུང་སྟེ། ཐོག་མར་ཨེ་ཤ་ཡའི་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པ་མངོན་འགྱུར་བྱེད་དགོས་པ་དང་། གཉིས་ནི་དཔལ་འབྱོར་བར་ཁྱམས་ལ་རྒྱབ་བརྟེན་བྱས་ནས། ཨེ་ཤ་ཡའི་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པའི་གཞི་རྩའི་སྤྱི་ཁོག་འཛུགས་དགོས། གསུམ་ནི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་སྟེ། ཨེ་ཤ་ཡའི་རྒྱལ་ཁབ་བར་འབྲེལ་འདྲིས་བྱས་ནས་སྔ་མོ་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས། བཞི་ནི་དངུལ་བསྡུ་ལ་མཐུན་རྐྱེན་བསྐྲུན་པ་གཙོ་བོར་བཟུང་སྟེ། ཨེ་ཤ་ཡའི་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པའི་བཀག་སྡོམ་མེད་པར་གཏོང་དགོས། ལྔ་ནི་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

  གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པས་གཅིག་གྱུར་སྒོས་བལྟས་ན། རྒྱལ་ཁབ་སོ་སོས་རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱས་ནས། ཉོ་ཚོང་དང་འགྲིམ་འགྲུལ། དངུལ་ལོར། མི་གཞུང་བཅས་ཕྱོགས་ཡོངས་ནས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་ཡར་སྐུལ་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་གྱུར་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྔར་ལས་སྒོ་འབྱེད་པའི་ཨེ་ཤ་ཡའི་དཔལ་འབྱོར་རྣམ་པ་བསྐྲུན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པར་སྙམ།

  ཚོགས་ཐོག་ནས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་གྲོས་ཚོགས་ཀྱི་གསར་འགྱུར་སྤྱི་སྒྲོག་སྤེལ།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག