མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་འབར་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 10:49

rencuo012.jpg

  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

  ཀྲང་ཏི་ཅང་གིས་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་པ་དང་། ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་རང་སྟེང་གི་འཕེལ་རྒྱས་དང་གཏན་འཇགས་ལ་སྐུལ་འདེད་བྱེད་པར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཡུན་རིང་གི་གཞི་རྩའི་ཁེ་ཕན་ལ་དམིགས་པ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཡང་དག་དམ་འཛིན་བྱས་ཏེ། ཀྲུང་གོ་དང་འབར་མའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཐད་ནས་གྲུབ་འབྲས་མི་དམན་པ་ལེན་པར་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།

  ཀྲང་ཏི་ཅང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་འབར་མའི་གྲོས་ཁང་དང་མཉམ་དུ་མཉམ་ལས་བརྗེད་ཐོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཛའ་བརྩེའི་འགྲོ་འོང་དང་ཁྲིམས་འཛུགས། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། ཧུར་ཐག་གིས་ཀྲུང་གོ་དང་འབར་མའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བྱེད་པ། མུ་མཐུད་དུ་ཀྲུང་གོ་དང་འབར་མའི་བར་གྱི་མཛའ་བརྩེའི་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།

  ཝུའུ་ཏིན་ཧྲིན་གྱིས་འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུ་བཞིན་ཡོད་པ་མ་ཟད། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་གཉིས་ཕན་མཉམ་ལས་འབྲེལ་བ་རྒྱ་བསྐྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་གསར་བ་ལེན་དགོས་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག