མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁཱ་ན་ཏའི་ཙུང་ལི་ཧ་པོ་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 10:47

111.jpg

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁཱ་ན་ཏའི་ཙུང་ལིས་ཧ་པོ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁཱ་ན་ཏའི་ཙུང་ལིས་ཧ་པོ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་དང་ཁཱ་ན་ཏའི་ཙུང་ལི་གྲོས་མོལ་གྱི་གྲུབ་འབྲས་མཚམས་སྦྱོར་མཛད་པ་དང་། ཁོང་གིས་ཀྲུང་གོ་དང་ཁཱ་ན་ཏ་གཉིས་ནི་འཛམ་གླིང་སྟེང་དུ་མཚན་སྙན་གྲགས་ཆེ་བའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། དེས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཁེ་བསྐྲུན་ཡོད། ཕྱོགས་གཉིས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་གོ་སྐབས་ལ་བརྟེན་ནས། ཕན་ཚུན་བར་བརྩི་བཀུར་དང་། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གྲོས་མོལ་ལ་ཤུགས་སྣོན་པ། བརྗེ་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ནས། ཀྲུང་གོ་དང་ཁཱ་ན་ཏའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་ནས་འཕེལ་རྒྱས་སུ་གཏོང་དགོས་པའི་ཞེས་གསུངས།

  ལིས་ཁི་ཆང་གིས་གསར་འགོད་པར་དྲིས་བར་ལན་འདེབས་སྐབས་བསྟན་དོན། ཀྲུང་གོ་ནི་ཁཱ་ན་ཏའི་ཉོ་ཚོང་གྲོགས་པོ་ཆེན་པོ་གཉིས་པ་དང་། ནང་འདྲེན་འབྱུང་ཁུངས་དང་ཕྱིར་གཏོང་ཚོང་ར་ཆེན་པོ་གཉིས་པར་གྱུར་ཡོད་ལ། ཁཱ་ན་ཏ་ནི་ཀྲུང་གོས་ཕྱི་ཕྱོགས་སུ་མ་དངུལ་གཏོང་ས་ཆེན་པོ་གཉིས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁཱ་ན་ཏ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་གཞི་ཁྱོན་སྔར་ལས་ཆེ་བ་དང་། ཆུ་ཚད་སྔར་ལས་མཐོ་བ། གྲུབ་ཚུལ་སྔར་ལས་ལེགས་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ཧ་པོ་ཡིས་བསྟན་དོན། ང་རང་རེབ་འདིར་ཀྲུང་གོར་འཚམས་འདྲིར་ཡོང་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། འདིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་སྐུལ་གཏོང་ཐུབ། ཁཱ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཁཱ་ན་ཏ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་གྲུབ་འབྲས་སྔར་ལས་མང་བོ་ལེན་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག