མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་བྷང་ག་ལའི་ཙུང་ཐུང་ཧ་སྨིས་ཏི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 10:46

习近平会见孟加拉国总统哈米德.jpg

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ཐུང་ཧ་སྨིས་ཏི་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ཐུང་ཧ་སྨིས་ཏི་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཅིན་གྱིས་ཧ་སྨིས་ཏི་ཀྲུང་གོར་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་གྲོས་མོལ་ཚོགས་འདུར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་བྷང་ག་ལ་གཉིས་ནི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པའི་གྲོགས་པོའི་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་དང་གནད་དོན་གཙོ་བོའི་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་མཛད་པར་མ་ཟད། བྷང་ག་ལ་ཕྱོགས་ཀྱི་རང་བཙན་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་སྔར་ལྟར་རྒྱབ་སྐྱོར་བྱེད་རྒྱུ་དང་། བརྟན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྔར་ལས་དམ་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

  ཧ་སྨིས་ཏི་ཡིས་བཤད་རྒྱུར། ཀྲུང་གོ་ནི་བྷང་ག་ལའི་གྲོགས་པོ་བཟང་བོ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོས་ལོ་མང་བོའི་རིང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། བྷང་ག་ལ་ཕྱོགས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་པོར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་འབྲེལ་འདྲིས་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག