མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་པེ་ཅིན་གླེང་སྟེགས་སྐབས་བཅུ་གཅིག་པ་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གླེང་སྟེགས་སྐབས་བཅུ་གཅིག་པ་ཚེས་བདུན་ཉིན་ནས་བཟུང་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ལོ་བཅུ་ལ་འབད་བརྩོན་བྱས་པ་བརྒྱུད། པེ་ཅིན་གླེང་སྟེགས་དེ་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་རིག་གཞུང་བརྗེ་རེས་ཀྱི་སྟེགས་བུ་ཞིག་ཏུ་གྱུར་ཡོད་པས། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ལོ་རྒྱུས་ལ་ཕྱིར་དྲན་དང་དངོས་ཡོད་ལོངས་སུ་སྤྱོད་པ་དང་མ་འོངས་བ་གསར་གཏོད་བྱེད་པ་བརྒྱུད་དེ་རིག་གནས་མི་འདྲ་བ་མཉམ་བསྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཡར་སྐུལ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་ཕྱོགས་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན། རིག་གནས་སྣ་མང་ཅན་བཅས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། རྒྱལ་ཁབ་སོ་སོས་ཕ་རོལ་བའི་མི་འདྲ་བའི་སྲོལ་རྒྱུན་རིག་གནས་དང་དངོས་ཡོད་འཕེལ་རྒྱས་ལ་རྒྱུས་ལོན་དང་བརྩི་འཇོག་བྱས་ནས། འཆམ་མཐུན་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་རང་གི་གནས་ཚུལ་གཞིར་བཟུང་སྟེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ་བྱེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་ཞིང་མིའི་རིགས་ཀྱི་རིག་གནས་ཡོད་ཚད་ཀྱི་གྲུབ་འབྲས་དཔྱད་གཞིར་འཛིན་པ་དང་། ཧུར་ཐག་སྒོས་རིག་གནས་ལྡན་པའི་དེང་རབས་ཅན་གྱི་ཀྲུང་གོ་ཞིག་འཛུགས་སྐྲུན་བྱེད་པར་མ་ཟད། སྔར་ལས་འཆམ་མཐུན་དང་དར་རྒྱས་ཆེ་བའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག