མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པ་རེན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:28


俞正声会见巴林国王哈马德1.jpg

  ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། པ་རེན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཱེ་ན་མཱེ་ནས་པ་རེན་གྱི་རྒྱལ་བོ་ཧ་མ་ཏི་ལ་མཇལ་འཕྲད་གནང་།

俞正声会见巴林国民议会议长兼众议长扎赫拉尼.jpg

  ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། པ་རེན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཱེ་ན་མཱེ་ནས་པ་རེན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཞོར་དུ་དམངས་གྲོས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་ཀྲ་ཧི་ལཱ་ཉི་ལ་མཇལ་འཕྲད་གནང་།

俞正声会见巴林副首相穆罕默德   3.jpg

   ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། པ་རེན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཱེ་ན་མཱེ་ནས་པ་རེན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་སར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་རེན་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར་པ་རེན་ལ་དངོས་གཞིའི་འཚམས་འདྲི་མཛད་དེ། པ་རན་གྱི་རྒྱལ་བོ་ཧ་མ་ཏི་དང་རྒྱལ་རྒྱུད་འཛིན་མཁན་ས་ལི་མན། དབུ་བཞུགས་བློན་ཆེན་གཞོན་པ་མུའུ་ཧན་མའོ་ཏི། རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཞོར་དུ་དམངས་གྲོས་ཁང་གི་གྲོས་དཔོན་གྱི་འགན་ཁུར་མཁན་ཀྲ་ཧ་ལཱ་ཉི་བཅས་ལ་སོ་སོར་མཇལ་འཕྲད་གནང་བར་མ་ཟད། གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་གྲོས་མོལ་མཛད།

  ཡུས་ཀྲིན་ཧྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་བཅས་ཀྱིས་པ་རན་གྱི་མགོ་ཁྲིད་པར་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ན་ནིང་རྒྱལ་བོ་ཧ་མ་ཏི་ཡིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ཡུན་རིང་བརྟན་འཇགས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་ཕྱོགས་ཡོངས་ཀྱི་ཐུན་མོང་གི་ལྟ་བ་བཞག་སྟེ། ཀྲུང་གོ་དང་པ་རེན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པ་རེན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། པ་རེན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཕན་ཚུན་བར་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་པ་རེན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་རྒྱལ་ནང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གནས་ཚུལ་དང་སྲིད་གྲོས་ཀྱི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ནུས་པ་མཚམས་སྦྱོར་མཛད་པར་མ་ཟད། ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་རྒྱུ་ནི་སྲིད་གྲོས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཟེར།

  རྒྱལ་བོ་ཧ་མ་ཏི་སོགས་པ་རེན་ཕྱོགས་ཀྱི་མགོ་ཁྲིད་པས་པ་རེན་དང་ཀྲུང་གོ་གཉིས་ལ་རང་སོ་སོའི་གནས་ཚུལ་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་བཅས་ཐད་ནས་མཐུན་ས་མང་བོ་ཡོད་པས། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་ལས་གཞི་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག