མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་གསར་འགྱུར་བྱ་དགའ་ཁྲང་ཅང་ཐའོ་ཧྥུན་བྱ་དགའ་གནང་བའི་སྙན་ཞུའི་ཚོགས་འདུ་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:28

刘云山会见中国新闻奖、长江韬奋奖获奖代表   1.jpg

  ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། ཀྲུང་གོའི་གསར་འགྱུར་བྱ་དགའ་ཐེངས་ཉེར་བཞི་བ་དང་། ཁྲང་ཅང་ཐའོ་ཧྥུན་བྱ་དགའ་ཐེངས་བཅུ་གསུམ་པ་གནང་བའི་སྙན་ཞུའི་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་བྱ་དགའ་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུངས་བཤད་གནང་།

刘云山会见中国新闻奖、长江韬奋奖获奖代表   2.jpg

   ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། ཀྲུང་གོའི་གསར་འགྱུར་བྱ་དགའ་ཐེངས་ཉེར་བཞི་བ་དང་། ཁྲང་ཅང་ཐའོ་ཧྥུན་བྱ་དགའ་ཐེངས་བཅུ་གསུམ་པ་གནང་བའི་སྙན་ཞུའི་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་བྱ་དགའ་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གོའི་གསར་འགྱུར་བྱ་དགའ་ཐེངས་ཉེར་བཞི་བ་དང་། ཁྲང་ཅང་ཐའོ་ཧྥུན་བྱ་དགའ་ཐེངས་བཅུ་གསུམ་པ་གནང་བའི་སྙན་ཞུའི་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་བྱ་དགའ་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུངས་བཤད་གནང་། ཁོང་གིས་དེང་རབས་ཀྲུང་གོའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འགན་འཁྲི་ཆེས་གལ་ཆེན་ནི་ཀྲུང་གོའི་གཏམ་རྒྱུད་བཟང་བོ་བརྗོད་པ་དང་། ཀྲུང་གོའི་སྙིང་སྟོབས་འདོན་སྤེལ་བྱེད་པ། ཀྲུང་གོའི་དོན་བཟང་རྒྱུད་སྒྲོག་བྱེད་པ་བཅས་ཡིན་ཞེས་ནན་གྱིས་བསྟན།

  ལིག་ཡུན་ཧྲན་གྱིས་ཐོག་མར་བྱ་དགའ་ཐོབ་པའི་འཐུས་མི་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། རང་རྒྱལ་གྱི་གསར་འགྱུར་ལས་དོན་ཐད་ལ་བྱས་རྗེས་བཞག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྒན་རབས་པ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱས་ནས། ཡང་དག་པའི་གླེང་ཕྱོགས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། དར་སྲོལ་གསར་བ་དར་སྤེལ་བྱས་ཏེ། ཡར་རྒྱས་བརྩོན་ལེན་གྱི་བསམ་བློའི་གླེང་ཕྱོགས་གཙོ་བོ་ཇེ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། བཅོས་བསྒྱུར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། འཆམ་འཐུན་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་མཇལ་འཕྲད་ལ་ཞུགས།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་མཇལ་འཕྲད་ལ་ཞུགས་པར་མ་ཟད་སྙན་ཞུའི་ཚོགས་འདུར་ཞུགས་ཏེ་གཏམ་བཤད།  ། 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག