མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྤྱིའི་ནང་བསྟན་གླེང་སྟེགས་སྐབས་བཞི་བ་པེ་ཅིང་དུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 10:46

རྒྱལ་སྤྱིའི་ནང་བསྟན་གླེང་སྟེགས་སྐབས་བཞི་བ་པེ་ཅིང་དུ་བསྡུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན་ནས་ཚེས2ཉིན། རྒྱལ་སྤྱིའི་ནང་བསྟན་གླེང་སྟེགས་སྐབས་བཞི་བ་པེ་ཅིང་གི་ཀྲུང་གོ་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། གླེང་སྟེགས་སྟེང་དཔྱད་རྩོམ36སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་དང་བླ་སྤྲུལ180ལྷག་ཞུགས་ཡོད་པ་རེད།

གླེང་སྟེགས་སྟེང་གཙོ་བོ་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་བྱང་ཆུབ་སེམས་ཀྱི་ལྟ་གྲུབ་དང་དགོངས་པའི་ཞིབ་འཇུག་སོགས་ཀྱི་ཐད་ནས་རྩད་བསྡུར་དང་བགྲོ་གླེང་རྒྱ་ཆེན་པོ་གནང་བར་མ་ཟད། ཆེད་མཁས་རྣམས་ཀྱིས་དེང་རབས་ཀྱི་སྤྱི་ཚོགས་སུ་བྱང་ཆུབ་སེམས་ཀྱི་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་དགོས་པ་དང་དེའི་རིན་ཐང་སོགས་བརྗོད་པ་རེད།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག