མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨེ་ཙེ་ཨོ་ཕི་ཡ་མི་དམངས་འཐུས་མིའི་ཁང་གི་གྲོས་དཔོན་ཨ་པུའུ་ཏུའུ་ལཱར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 10:43

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨེ་ཙེ་ཨོ་ཕི་ཡ་མི་དམངས་འཐུས་མིའི་ཁང་གི་གྲོས་དཔོན་ཨ་པུའུ་ཏུའུ་ལཱར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨེ་ཙེ་ཨོ་ཕི་ཡ་མི་དམངས་འཐུས་མིའི་ཁང་གི་གྲོས་དཔོན་ཨ་པུའུ་ཏུའུ་ལཱར་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུང་རྒྱུར། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བཤེས་ལྡན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་གནས་བབ་ཅུང་བཟང་བོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི“དྲང་བདེན་དང་། དངོས་གཉེར། མཛའ་མཐུན། རྣམ་དག་བཅས་ཀྱི་སྲིད་ཇུས་མིན་པའི་འདུ་ཤེས་ལྟར། མུ་མཐུད་དུ་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་བརྟན་དང་ཤུགས་སྣོན་རྒྱུ་ཡིན་པ་དང་། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་དུ་སྤེལ་རྒྱུ་ཡིན་ཟེར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཀྱང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་ཁྲིམས་འཛུགས་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་འདོད་ཡོད་པ་མ་ཟད། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ནང་སྒོས་སུ་ལས་གཞི་གལ་ཆེན་བདེ་བླག་ངང་ལག་བསྟར་བྱེད་པར་བཅའ་ཁྲིམས་ཀྱི་ཁོར་ཡུག་ཅིག་སྐྲུན་འདོད་ཡོད་ལ། མཛའ་མཐུན་འགྲོ་འོང་བརྒྱུད་ནས་མི་གཞུང་ཁྱབ་ཁོངས་མཉམ་ལས་བྱ་བར་སྣེ་ཁྲིད་དེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལྡན་པའི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཨ་པུའུ་ཏུའུ་ལཱ་ཡིས་བཤད་རྒྱུར། དུས་ཡིན་རིང་བོའི་ཚུན་ལ། ཀྲུང་གོས་ཕྱོགས་སོ་སོའི་ཐད་ནས་ཨེ་ཙེ་ཨོ་ཕི་ཡ་ལ་རོགས་རམ་མང་པོ་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། ཀྲུང་གོས་ཁྲིམས་འཛུགས་པ་དང་། རྒྱལ་སྐྱོང་སྲིད་འཛིན་སོགས་ཐད་ཀྱི་ཉམས་མྱོང་ལ་ལོངས་སུ་སྤྱོད་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག