མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ«ནང་འདྲེན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་ནས་བཀྲམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ«ནང་འདྲེན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་ནས་བཀྲམས» ནང་འདྲེན་ཡར་སྐུལ་འཐབ་ཇུས་ལག་བསྟར་དང་བཀོད་སྒྲིག་བྱས་པ་དང་། ཉོ་ཚོང་སྟབས་བདེ་ཅན་དུ་ཡར་སྐུལ་བྱས་པ། ཉོ་ཚོང་ཁོར་ཡུག་ཇེ་བཟང་དུ་བཏང་ནས། ཕྱིར་གཏོང་ནང་འདྲེན་བརྟན་འཇགས་དང་དོ་མཉམ་གྱི་སྒོ་ནས་འཕེལ་རྒྱས་དང་ཡར་སྐུལ་བཏང་། «བསམ་འཆར»ལས་ཕྱོགས་བརྒྱད་ཐད་ཀྱི་སྲིད་ཇུས་བྱེད་ཐབས་བཏོན། གཅིག་ནས་སྔོན་ཐོན་ལག་རྩལ་སྒྲིག་ཆས་དང་གནད་འགག་གི་ལྷུ་ལག་ནང་འདྲེན་བྱེད་པར་སྐུལ་སློང་བྱེད་དགོས། གཉིས་ནས་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ནང་འདྲེན་བརྟན་འཇགས་སུ་གཏོང་དགོས། གསུམ་ནས་ལུགས་མཐུན་གྱི་སྒོ་ནས་འཛད་སྤྱོད་ཐོན་རྫས་ཕལ་བ་ནང་འདྲེན་བྱེད་ཚད་ཇེ་མང་དུ་གཏོང་དགོས། བཞི་ནས་ཤུགས་ཆེན་པོས་ཉོ་ཚོང་ནང་འདྲེན་གོང་འཕེལ་དང་ཞབས་ཞུ་བྱེད་དགོས། ལྔ་ནས་སྔར་ལས་ནང་འདྲེན་བྱ་བ་དོ་དམ་བཟང་བོ་བྱེད་དགོས། དྲུག་ནས་སྔར་ལས་ནང་འདྲེན་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། བདུན་ནས་ཤུགས་ཆེན་པོས་ནང་འདྲེན་ཡར་སྐུལ་སྟེགས་བུ་འཕེལ་རྒྱས་སུ་གཏོང་དགོས། བརྒྱད་ནས་ཤུགས་ཆེན་པོས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་མང་བོར་ཞུགས་དགོས་ཞེས་བཏོན་ཡོད།

«བསམ་འཆར»ལས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་གིས་བྱེ་བྲག་གི་བྱ་བའི་ཇུས་གཞི་གཏན་ལ་འབེབས་པའི་བྱ་བ་དམ་འཛིན་བྱས་ནས། སྲིད་ཇུས་མཐུན་སྦྱོར་དང་ཡར་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག