མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་བཀའ་ཁྱབ་སྟེང་མིང་བཀོད་དེ། བཅིངས་འགྲོལ་དམག་གི་རྩིས་བཤེར་ཧྲུའུ་དེ་སྤྱིའི་མཁོ་སྒྲུབ་པུའུ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞིའི་ནང་བཞག

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-07 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་བཀའ་ཁྱབ་སྟེང་མིང་བཀོད་དེ། བཅིངས་འགྲོལ་དམག་གི་རྩིས་བཤེར་ཧྲུའུ་དེ་སྤྱིའི་མཁོ་སྒྲུབ་པུའུ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞིའི་ནང་བཞག་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག དམག་དཔུང་ཡོངས་ཀྱི་རྩིས་བཤེར་བྱ་བའི་གཙོ་འགན་འཁུར་མཁན་གྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་དགོས་པར་མ་ཟད་བྱ་བ་ཡར་ཞུ་བྱེད་དགོས་པ་དང་དེའི་ཏང་གི་འཛུགས་སྐྲུན་དང་ཆབ་སྲིད་བྱ་བ། སྲིད་འཛིན་དོ་དམ་བཅས་ལ་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་མགོ་ཁྲིད་བྱེད་དགོས་ཟེར།

བཅིངས་འགྲོལ་དམག་གི་རྩིས་བཤེར་ཧྲུའུ་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞིའི་ནང་འཇོག་རྒྱུ་ནི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཏང་གི་གནས་བབ་གསར་བའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། དམག་དཔུང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་པའི་ཐད་ལ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་དམག་དཔུང་གི་རྩིས་བཤེར་ལམ་ལུགས་གསར་སྐྲུན་ཐད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་བསྟར་བྱེད་པ་དང་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རུལ་སུངས་སྔོན་འགོག་དང་དེར་ཆད་པ་གཅོད་པ་དང་། དམག་དོན་ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་ཀྱི་རྩིས་བཤེར་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་རྩིས་བཤེར་ལྟ་སྐུལ་གྱི་དབང་ཟིལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བར་དོན་སྙིང་ཆེན་པོ་ཡོད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག