མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-05 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་ལས་ལྷག་པ་བྱ་ཆེད། པེ་ཅིན་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན། རྒྱལ་ཁབ་བདེ་འཇགས་པུའུ་སོགས་ས་གནས་དང་སྡེ་ཁག་གི་འགོ་ཁྲིད་དང་ལས་ཁུངས་ཀྱིས་ཁག་སོ་སོར། ཉེ་དུས་རིགས་གཅིག་མཁས་པ་དང་རིགས་གནས་པ་གདན་ཞུ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ནང་དོན་ཐད་སྒྲོག་འགྲེལ་དང་གསལ་འགྲེལ་བསྐྱོན་ཡོད་པ་རེད།

ཚོགས་ཞུགས་བློ་མཐུན་གྱིས་སློབ་སྦྱོང་བྱས་རྗེས། ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་གོ་སྐབས་དང་བསྟུན་ནས། གསང་བའི་འཐབ་ཕྱོགས་ཀྱི་དོན་དངོས་དང་བཟུང་འབྲེལ་དམ་ཟབ་བྱེད་པ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་ཐབས་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་ཀའི་ཕྱོགས་གང་ས་ཅི་ཐད་ནང་ལག་བསྟར་དང་མངོན་པར་བྱས་ཏེ། དུས་བབ་གསར་པའི་འོག རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་ཀའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག