མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་རྒྱལ་སྲིད་སྤྱི་ཁབ་ཁང་བསྐྱར་འདྲི་ལྟ་སྐུལ་བརྟག་ཞིབ་ཚན་ཆུང་གིས་ཆུ་བེད་པུའུ་ལ་བསྐྱར་འདྲི་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-05 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བསྐྱར་འདྲི་ལྟ་སྐུལ་བརྟག་ཞིབ་ཚན་ཆུང་གིས་ཆུ་བེད་པུའུ་ལ་བསྐྱར་འདྲི་བྱས་པའི་བརྒྱུད་རིམ་ཁྲོད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་དེ་གཙོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། ཆུ་བེད་པུའུ་ཡི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ཞོས་ཝུན་གྱིས་ཉེ་བའི་ཟླ་ཤས་ནང་དུ་བཟོ་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། སྤྱི་ཟླ11པའི་ཚེས1ཉིན་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཚང་མ་ལས་འགོ་བརྩམས་པ་དང་། ལོ་མཇུག་གི་སྔོན་ལ་ལོ་ཧྲིལ་བོའི་དམིགས་འབེན་ལེགས་འགྲུབ་ཐུབ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

སྤྱི་ཟླ་དྲུག་པའི་ནང་གི་ལྟ་སྐུལ་ཁྲོད་གནས་བའི་གནད་དོན་ལ་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་བསྐྱར་འདྲི་ལྟ་སྐུལ་བརྟག་ཞིབ་བྱེད་འགོ་བརྩམས་ཤིང་། སྡེ་ཁག་དང་ས་གནས་ཀྱི་བསྒྱུར་བཅོས་ལག་བསྟར་ལ་ལྟ་སྐུལ་བྱེད་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ11པའི་ཚེས1ཉིན་བར་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར218བཏང་ཞིང་། མ་དངུལ་བཏང་ཚད་བརྒྱ་ཆའི་79.2ཟིན་ལ། ཁྱོན་བསྡོམས་ཕྱོགས་བསྡུས་རང་བཞིན་གྱི་ཆུ་འདོན་ས་ཉིས་ཁྲི་དྲུག་སྟོང་དགུ་བརྒྱ་དང་ཁ་ཐོར་གྱི་འཐུང་ཆུའི་བཟོ་སྐྲུན་བཞི་ཁྲི་ཆིག་སྟོང་དགུ་བརྒྱ་བསྐྲུན་གྲུབ་ཡོད་པ་མ་ཟད། གྲོང་གསེབ་གྲོང་མི་དང་སློབ་གྲྭའི་དགེ་སློབ་བྱེ་བ་བཞི་དང་ལྔ་འབུམ་སུམ་ཁྲི་ལྷག་གི་འཐུང་ཆུའི་གནད་དོན་སེལ་བ་དང་། སྤྱི་ཟླ་དགུ་བའི་ཟླ་མཇུག་དང་བསྡུར་ན་འཕར་ཚད་ཇེ་མཐོར་སོང་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག