མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་སྐོར་ཞིབ་ཚོ་ཆུང་ལྔ་པས་ཀྲེ་ཅང་ཞིང་ཆེན་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-05 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་སྐོར་ཞིབ་ཚོ་ཆུང་ལྔ་པས་སྤྱི་ཚེས4ཉིན་ཀྲེ་ཅང་ཞིང་ཆེན་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྙན་སེང་ཞུས་ཡོད་པ་དང་། དེ་ནས་བཟུང2014ལོའི་ཀྲུང་དབྱང་གི་ཐེངས་གཉིས་པའི་སྐོར་ཞིབ་ཚོ་ཆུང་གིས་སྐོར་ཞིབ་ཀྱི་རྩིས་ཁྲ་ཚང་མ་ཡོངས་བསྒྲགས་བྱས་ཟིན་པ་རེད།

ཐེངས་འདིའི་སྐོར་ཞིབ་ནི་ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མཇུག་ནས་འགོ་བཙུགས་ཡོད་པ་དང་། ཀོང་ཞི། ཧྲང་ཧེ། མཚོ་སྔོན། བོད་ལྗོངས། ཀྲེ་ཅང་། ཧོ་པེ། ཧྲའན་ཞི། ཧེ་ལུང་ཅང་། སི་ཁྲོན། ཅང་སུའུ་བཅས་ཞིང་ལྗོངས་དང་། གྲོང་ཁྱེར་བཅུ་རུ་སྤྱིར་བཏང་གི་སྐོར་ཞིབ་བྱས་ཡོད་པ་དང་། དུས་མཚུངས་སུ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་གོ་ཚན་རིག་ཁང་། རླངས་འཁོར་བཟོ་གྲྭ་དང་པོའི་ཚོགས་པ་བཅས་ལ་ཡང་ཆེད་དོན་སྐོར་ཞིབ་བྱས་ཡོད་པ་རེད། སྐོར་ཞིབ་ཚོ་ཆུང་ཁག་གིས་སྙན་ཞུ་བྱས་པའི་གནས་ཚུལ་ལ་བལྟས་ན། རུལ་སུངས་གནད་དོན་སྔར་བཞིན་མང་པོ་ཡོད་དེ། ས་གཞི་ནང་བཤུག་དང་། ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དེ་བས་ཚབས་ཆེན་པོ་ཡོད་པ་རེད། ཐེངས་འདིའི་སྐོར་ཞིབ་ས་ཚིགས་ཚང་མས་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐུབ་ཡོད། སྤྱིར་བཏང་གི་སྐོར་ཞིབ་ས་ཚིགས་བཅུའི་གནད་དོན་གྱི་རྩིས་ཁྲའི་ནང་། ས་གནས་བརྒྱད་ལ་ས་གཞི་ནང་བཤུག་དང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ནང་རུལ་སུངས་ཀྱི་གནད་དོན་ཡོད་པ་རེད། ཀོང་ཞི་དང་། ཧྲང་ཧེ། ཧོ་པེ། ཧེ་ལུང་ཅང་། སི་ཁྲོན། ཀྲེ་ཅང་བཅས་ལ་རུལ་སུངས་ཀྱི་གནད་དོན་གཅིག་འདུས་དང་། འབུར་དུ་ཐོན་པའམ་ཡང་ན་འབོར་ཆེ་བ། ཡང་ཡང་ཐོན་པའི་ཁྱད་ཆོས་ཡོད་པ་རེད། ཐེངས་འདིའི་སྐོར་ཞིབ་ནང་ཀོང་ཞི་དང་། ཧྲང་ཧེ། བོད་ལྗོངས། ཅང་སུའུ། ཀྲེ་ཅང་། ཧོ་པེ་བཅས་ས་གནས་དྲུག་ཏུ་གཞི་རིམ་གྱི་རུལ་སུངས་གནད་དོན་ཡོད་པ་རེད། གཞན་ཡང་། སྤྱིར་བཏང་གི་སྐོར་ཞིབ་ས་ཚིགས་བཅུ་རུ་བཀག་འགོག་ལ་བལྟས་པར་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཡོད་པ་དང་། ས་གནས་དགུ་རུ་གོ་གནས་ཀྱི་གྲངས་ཚད་ལས་བརྒལ་བའི་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་གནད་དོན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག