མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་མྱུར་བསྐྱོད་ལྕགས་ལམ་ལ་ཕྱི་རྒྱལ་ཏུ་འགྲོ་བའི་དུས་རབས་གསར་བ་ཞིག་ཤར་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-05 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས4ཉིན་ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་སྤྱི་ཁྱབ་ཀུང་སིས་འགོ་ཁྲིད་པའི་ཀྲུང་གོའི་སྒྲུབ་འགན་གཙང་ལེན་ཚོགས་པར་མོ་ཞི་ཁོ་གྲོང་ཁྱེར་ནས་ཁོ་ལུའོ་ཐ་ལུའོ་བར་གྱི་མྱུར་བསྐྱོད་ལྕགས་ལམ་བསྐྲུན་རྒྱུའི་ཐོབ་ཐང་ཐོབ་པ་མོ་ཞི་ཁོ་ལྕགས་ལམ་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པ་དང་། མྱུར་བསྐྱོད་ལྕགས་ལམ་འདིའི་ནང་ཚང་མ་ཀྲུང་གོའི་ཇུས་འགོད་དང་ལག་བསྟར། སྒྲིག་ཆས་དང་ཚད་གཞི་བཅས་བཀོལ་རྒྱུ་ཡིན་པས། ཀྲུང་གོའི་མྱུར་བསྐྱོད་ལྕགས་ལམ་གྱིས་ཐེངས་དང་པོར་དོན་དངོས་རང་བཞིན་ཐོག་ཕྱི་ཕྱོགས་སུ་འགྲོ་བའི་དམིགས་འབེན་ཡང་མངོན་འགྱུར་བྱུང་བ་རེད། 2008ལོར་ཀྲུང་གོའི་མྱུར་བསྐྱོད་ལྕགས་ལམ་དང་པོ་འགྲུབ་པ་ནས་བཟུང་། རྨང་གཞི་འཛུགས་སྐྲུན་དང་སྒྲིག་ཆས་ཞིབ་འཇུག བཏིང་བའི་རིང་ཚད་སོགས་གང་གི་ཐད་ནས་ཀྱང་འཛམ་གླིང་གི་ཡང་རྩེར་སོན་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཀྱང་སྔར་ལས་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ལག་རྩལ་བསྡུ་ལེན་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག