མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-04 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སའི་ལས་རིགས་ཁག་གི་མི་སྣས་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་སྤྱི་ཚེས་3ཉིན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་འཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཀྲེང་ཝི་གྲོས་ཚོགས་ལ་ཕེབས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་སའི་ལས་རིགས་ཁག་གི་མི་སྣའི་འཐུས་མི་ཏད་ཅུན་ལེའང་དང་། ཝུ་ཧྲེ་མེན། ཧོའང་ཀྲུའུ། ཧའོ་ཧྲེ་ཡོན། གྲེན་ལིའི། གྲེན་རུད་ཧྥུ། ཞུལ་ཕིང་། ཡང་ཧྲེང་མེན། ལིས་ཧྲེང་། ཅིང་དབྱིས་སོགས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ། ཝང་ཧྲེང་ཝིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་གནང་བའི་གསུང་བཤད་དེས་གནས་བབ་ཧྲིལ་པོ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། མི་རིགས་ལས་དོན་གྱི་ཁ་ཕྱོགས་དང་འགྲོ་ལམ། རིགས་གཞུང་དང་སྲིད་ཇུས། ཁྲིམས་ལུགས་དང་བཅའ་ཁྲིམས། ལས་དོན་དང་སྒྲིག་གཞི་སོགས་གལ་ཆེའི་གནད་དོན་རྒྱས་བཤད་གནང་ཡོད། དེ་ནི་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་གལ་ཆེའི་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་ཡིན། ང་ཚོས་ཇུས་གཞི་འཆར་འགོད་དང་བསམ་ཕྱོགས་འཐུས་ཚང་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། དངོས་འཛིན་དངོས་སྒྲུབ་དང་ལག་ལེན་ལ་སྐུལ་སྤེལ་གཏོང་བའི་ཐད་ཤུགས་སྣོན་རྒྱབ་ཐོག ཕྱོགས་ཁག་གི་བསམ་བློའི་ངོས་འཛིན་དེ་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་བྱེད་ཕྱོགས་ཆེན་པོའི་ཐོག་གཅིག་འགྱུར་བྱེད་དགོས་པ་དང་། མི་རིགས་ཁག་གི་བློ་རིག་དང་སྟོབས་ཤུགས་དེ་རླབས་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་འགྱུར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་པ་རེད།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག